འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་11ཉིན།

༄༅།།ཨ་རིའི་སྡོད་ཁང་ཞིག་མེ་ཤོར་ནས་མི་19རྐྱེན་ལམ་དུ་ཤོར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིའི་སྡོད་ཁང་ཞིག་མེ་ཤོར་ནས་མི་19རྐྱེན་ལམ་དུ་ཤོར།
    ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་9ཉིན། ཨ་རིའི་ཉིའུ་ཡོག་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་མེ་ཤོར་ནས་མི་19རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་བྱིས་པ་9ཡོད་པ་རེད། 
    ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཉིའུ་ཡོག་གྲོང་ཁྱེར་གྱི་འགོ་འཛིན་གྱི་མཐོ་རིམ་བློ་འདྲི་བ་སི་ཏི་ཧྥེན · ལིན་ཀེའར་གྱིས་གྲོངས་མིའི་མི་གྲངས་ར་སྤྲོད་བྱས་པ་མ་ཟད། ད་དུང་མི་13ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་པ། རྨས་མ་50ལས་བརྒལ་ཡོད་པ་བརྗོད། ཉིའུ་ཡོག་གྲོང་ཁྱེར་གྱི་འགོ་འཛིན་ཨའེ་ལི་ཁེ·ཡ་ཏང་སིས་མེ་སྐྱོན་དེ“འཇིགས་སུ་རུང་བ་ཞིག་རེད་”ཅེས་བརྗོད་པ་དང་།“དེ་ནི་ཉེ་བའི་ལོ་ཤས་རིང་གི་མེ་སྐྱོན་ཆེ་ཤོས་ཀྱི་གྲས་ཤིག་རེད”ཅེས་བཤད་པ་རེད།    
༄༅།།ཨ་རིའི་སྡོད་ཁང་ཞིག་མེ་ཤོར་ནས་མི་19རྐྱེན་ལམ་དུ་ཤོར།