འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་5ཉིན།

༄༅།།ལིའང་ཅུན་ཡན་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་05ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལིའང་ཅུན་ཡན་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།
     མི་དམངས་དྲ་བའིའཕྲིན། ཞིན་ཧྭ་གསར་འགྱུར་ཁང་ཞང་ཀང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡིས་གྲོས་མི་ལིའང་ཅུན་ཡན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད། 
     སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་གནས་ཀྱི་མིང་འདོན་དུས་ཡུན་དེ་ཚེས་4ཉིན་གྱི་དུས་ཚོད་17ཐོག་མཇུག་བསྒྲིལ། ལིའང་ཅུན་ཡན་གཅིག་པུར་ནུས་ལྡན་གྱི་མིང་འདོན་བྱས་པས། ཁྲིམས་འཛུགས་ལྷན་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཁྲིམས་འཛུགས་ལྷན་ཚོགས་ཀྱི་སྐབས་སྔོན་མའི་ཀྲུའུ་ཞི་ལིའང་ཅུན་ཡན་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་ཁྱབ་བསྒྲགས་བྱས། 
     ལིའང་ཅུན་ཡན་བདམས་ཐོན་བྱུང་རྗེས་སྨྱན་སྦྱོར་ཚན་པར་བཤད་དོན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ནི་འདེམས་བསྐོའི་ལམ་ལུགས་དང“རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི”རྩ་དོན་དོན་འཁྱོལ་དང་འཐུས་ཚང་དུ་བཏང་རྗེས་བདམས་ཐོན་བྱུང་བའི་སྐབས་དང་པོའི་ཁྲིམས་འཛུགས་ལྷན་ཚོགས་ཤིག་ཡིན་པས། གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་འདིའི་ཐོག་ཏུ། ཁོང་ལ་གྲོས་མི་རྣམས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ནས་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བསྟུད་མར་འཁུར་ཏེ། སྐབས་གསར་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་སྣེ་ཁྲིད་དེ་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་གོ་སྐབས་བྱུང་བ། ཞང་ཀང་དུ་སྲིད་ཇུས་ཡག་པོ་ལེགས་པོར་སྐྱོང་བའི་རྣམ་པ་གསར་པ་ཞིག་མངོན་དུ་འགྱུར་བའི་ཐད་ལ་ནུས་པ་ཕྲན་བུ་འདོན་རྒྱུ།
     ལིའང་ཅུན་ཡན་གྱིས་བཤད་དོན། ཞང་ཀང་གིས་སྔར་བཞིན་རིམས་ནད་ཀྱི་གནས་ཚུལ་ལས་བྱུང་བའི་དཔལ་འབྱོར་གྱི་དཀའ་ངལ་སོགས་ཚུད་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་པས། སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་འབད་བརྩོན་ལྡབ་འགྱུར་བྱས་ནས“རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི”རྩ་དོན་ལག་བསྟར་བྱེད་དགོས་པ་ཕུད། རྒྱལ་ཁབ་ཀྱི་བདེ་འཇགས་ལའང་སྲུང་སྐྱོང་བྱས་ནས་མི་སེམས་ཕྱིར་ལོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་མ་ཟད། ད་དུང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ལྟ་ཞིབ་དང་གཞོགས་འདེགས་བྱས་ཏེ་དམངས་འཚོའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། 
     ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བདུན་པའི་གྲོས་མི་90ཡིས་ཚེས་3ཉིན་འགན་བཞེས་པའི་དམ་བཅའ་བཞག་ཡོད། ཟླ་1ཚེས་12ཉིན། ཁྲིམས་འཛུགས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཐེངས་དང་པོ་འཚོགས།