འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་4ཉིན།

༄༅།།ཉིང་ལང་ལ་བརྒྱབ་པའི་ས་ཡོམ་ལས་མི་15རྨས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་04ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལི་ཅང་གྲོང་ཁྱེར་ས་ཡོམ་སྡེ་ཚན་གྱི་སྙན་ཞུ་ལྟར་ན།ཆུ་ཚོད་16དང་སྐར་མ་54བར་ས་ཡོམ་ནང་མི་15ལ་རྨས་སྐྱོན་ཕོག་ཡོད་པ་རེད། 
ཡུན་ནན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལི་ཅང་གྲོང་ཁྱེར་ཉིང་ལང་རྫོང་དུ་ས་ཡོམ་རིམ་པ་5.5བརྒྱབ་རྗེས། རུ་ཁག་དེས་ས་ཁོངས་བརྒལ་ནས་མི་390དང་རླངས་འཁོར་88 ཁྱི16བཅས་སྐོང་བསྡུ་བྱས་ནས་རོགས་སྣོན་བྱས་ཡོད་པ་རེད།   
   ཟླ་1ཚེས་2ཉིན་གྱི་ཆུ་ཚོད་15དང་སྐར་མ་02དང་སྐར་ཆ་06ཐོག ལི་ཅང་གྲོང་ཁྱེར་ཉིང་ལང་རྫོང(བྱང་གི་འཕྲེད་ཐིག་ཏུའུ་27.79དང་ཤར་གྱི་གཞུང་ཐིག་ཏུའུ་100.65)དུ་ས་ཡོམ་རིམ་པ་5.5བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་10ཟིན་ཡོད་པ་རེད། ས་ཡོམ་བརྒྱབ་རྗེས། ཡུན་ནན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལི་ཅང་ཡན་ལག་རུ་ཁག་ཉིང་ལང་རུ་ཆེན་གྱིས་ཁྱོན་ཡོམ་ཁུལ་མདུན་མའི་ཡན་ལག་རུ་ཁག་གི་མི་15དང་རླངས་འཁོར་4བཏང་སྟེ་ཡོམ་ཁུལ་ཉིང་ལང་རྫོང་དུ་གེགས་བར་གནས་ཚུལ་གྲལ་བཤེར་བྱས་པ་དང་། ལི་ཅང་ཡན་ལག་རུ་ཁག་གིས་འཚོལ་སྐྱོབ་རུ་ཁག་ཆུང་གྲས་ཀྱི་མི་67དང་། རླངས་འཁོར་8ཁྱི་3བཅས་བཏང་བ་རེད།
   མིག་སྔའི་བར། ཡུན་ནན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ས་ཁོངས་ལས་བརྒལ་ནས་ཏ་ལིའི་འཚོལ་སྐྱོབ་རུ་ཁག་ཆེ་གྲས(མི་100དང་། རླངས་འཁོར་26། ཁྱི་4)དང་།པའོ་ཧྲན(མི་65དང་། རླངས་འཁོར་16 ཁྱི3)བདེ་ཆེན་(མི་65དང་། རླངས་འཁོར་13ཁྱི་3)ཁྲུའུ་ཞུང་(མི་78དང་། རླངས་འཁོར།21 ཁྱི་3)བཅས་ཀྱི་འཚོལ་སྐྱོབ་རུ་ཁག་ཆུང་གྲས་གསུམ་ཏེ། ཁྱོན་མི་390དང་། རླངས་འཁོར་88དང་། ཁྱི་16བཅས་སྐོང་བསྡུ་བྱས་ནས་རོགས་སྣོན་བྱས་པ་རེད། 
མིག་སྔར་གེགས་བར་གནས་ཚུལ་གཞན་དག་སྔར་བས་ཞིབ་བཤེར་དང་བསྡོམས་རྩིས་བྱེད་བཞིན་ཡོད་པ་རེད།