འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་31ཉིན།

༄༅།།ཡུན་ནན་གྱིས་མ་དངུལ་སྒོར་དུང་ཕྱུར་1.4གྲབས་གསོག་བྱས་ནས་གཙོ་གནད་རིགས་6ལ་འཚམས་འདྲི་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་31ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་12ཚེས་29ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཡུན་ནན་གྱིས་2022ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། མ་དངུལ་སྒོར་དུང་ཕྱུར་1.4གྲབས་གསོག་བྱས་ནས། ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོ་དང་དེ་བཞིན་མཐའ་སྟོབས་མཐའ་བརྟན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་བྱེད་ལས་བཟོ་སོགས་རིགས་གཙོ་བོ་6ལ་འཚམས་འདྲི་བྱ་རྒྱུ་ཡིན་པ་རེད།