འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་30ཉིན།

༄༅།།མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་30ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། བོད་ལྗོངས་ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་གནའ་བོའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་ཁང་པའི་ནང་དུ་བོད་ཀྱི་རི་མོ་འབྲི་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་དེས་རི་མོ་དང་། ཤིང་བཟོ། འཚེམ་བཟོ་བཅས་གཙོར་བྱས་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྣམ་པའི་ཐོག་ནས་ཁྱིམ་ཆས་བཟོ་བ་དང་། ཁང་པ་མཛེས་བཟོ་བྱེད་པ། ཐང་ག་འབྲི་བ། ཡུལ་སྐོར་ཐོན་རྫས། རིག་དངོས་ཨར་སྐྲུན་ཉམས་གསོ་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་གྱི་ཡོད། 2018ལོར་མཉམ་ལས་ཁང་བཙུགས་པ་ནས་ད་བར་ཁྱོན་མི་60ལྷག་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད།
【1】  【2】
༄༅།།མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ།