འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་29ཉིན།

༄༅།།ཀན་སུའུ་ཡིས་དམངས་ཡོངས་དཔེ་ཀློག་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་29ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ས་གནས་དེ་གས《དམངས་ཡོངས་དཔེ་ཀློག་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》བཏོན་ཞིང་། དེའི་ནང་2025ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དམངས་ཡོངས་དཔེ་ཀློག་ཁྱབ་གདལ་ཞབས་ཞུའི་མ་ལག་སྤྱིར་ན་ཆགས་པ་དང་། དཔེ་ཀློག་ནང་དོན་ཡག་པོ་མཁོ་འདོན་བྱེད་ནུས་ཆེ་རུ་མངོན་གསལ་དོད་པོ་བཏང་ནས་སྤྱི་པའི་དཔེ་མཛོད་ཁང་དུ་མི་རེར་ཆ་སྙོམས་དེབ་ཉར་ཚགས་བྱེད་ཚད་0.8ལས་མི་ཉུང་བ་བྱེད་རྒྱུ་རེད་ཅེས་བཏོན་ཡོད་པ་རེད།
     《བསམ་འཆར》ནང་། ཀན་སུའུ་པར་གཞིའི་སྤུས་རྟགས་གཏོད་པ་དང་། ཀན་སུའུ་པར་གཞིའི་ཕུལ་བྱུང་དཔེ་དེབ་དང་། དུས་དེབ། ཚགས་པར་སོགས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཀློག་པ་པོར་བསམ་བློའི་ནང་དོན་ཟབ་པ་དང་། སྒྱུ་རྩལ་ཕུལ་བྱུང་། བཟོ་སྟངས་རྩེ་གྲ་བཅས་ཀྱི་ཕུལ་བྱུང་དཔེ་སྐྲུན་དངོས་པོ་འོས་སྦྱོར་བྱེད་དགོས། གཞོན་ནུ་ལོ་ཆུང་སློབ་མ་དང་། གྲོང་ཁྱེར་དུ་གླ་པ་རྒྱུག་མཁན། རྒན་རྒོན། གྲངས་ཉུང་མི་རིགས། དགོན་སྡེའི་མི་སྣ་སོགས་ཚོགས་སྤྱིར་ཕྱོགས་པའི་ཕུལ་བྱུང་དཔེ་སྐྲུན་དངོས་པོ་འོས་སྦྱོར་བྱེད་སྒོ་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་དགོས། རིམ་ཁག་སྤྱི་པའི་དཔེ་མཛོད་ཁང་གིས་དཔེ་དེབ་ཉོ་སྟངས་ལེགས་སུ་བཏང་ནས་ཉོ་མང་ཤོས་ཀྱི་ཕུལ་བྱུང་དཔེ་དེབ་དང་ཕུལ་བྱུང་ཀན་སུའུ་པར་གཞིའི་དཔེ་དེབ་དུས་ཐོག་ཏུ་ཉོ་དགོས། གྲོང་གསེབ་ཀྱི་དཔེ་དེབ་ཕྱིར་ཚོང་དྲ་ཚིགས་བསྐྲུན་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ་དཔེ་ཚོང་ཁང་དང་ཚོང་རར་དཔེ་དེབ་ལྟ་ས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུར་སྐུལ་ལྕག་བྱས་ཏེ། མཛེས་སྡུག་ལྡན་པའི་དཔེ་ཚོང་ཁང་བསྐྲུན་པ་དང“དཔེ་ཀློག་དང་ཕྱིར་ཚོང”ཟུང་འབྲེལ་གྱི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
     ཀན་སུའུ་ཞིང་ཆེན་གྱིས། ས་གནས་ཁག་ལ་སྤྱི་ཕན་རང་བཞིན་དང་། གཞི་རྩའི་རང་བཞིན། དོ་སྙོམས་རང་བཞིན། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) སྟབས་བདེའི་རང་བཞིན་བཅས་ཀྱི་བླང་བྱ་གཞིར་བཟུང་། སྤྱི་པའི་དཔེ་མཛོད་ཁང་དང་། རྒན་རྒོན་སློབ་ཆེན། གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས། ཞིང་ཁྱིམ་དཔེ་ཁང་། སྤྱི་པའི་ཚགས་པར་ལྟ་ཀློག་འགྲེམས་པང(བརྙན་ཤེལ)སོགས་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་ལུགས་མཐུན་བཀོད་སྒྲིག་བྱེད་དགོས། ཞིང་ཁྱིམ་དཔེ་ཁང་དང་གཞི་རིམ་དཔེ་མཛོད་ཁང་མཉམ་སྦྲེལ་མཉམ་མཐུད་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། རླངས་འཁོར་བབས་ཚུགས་དང་། གནམ་ཐང་། ཡུལ་སྐོར་ལྟེ་གནས། མགྲོན་ཁང་། གློག་བརྙན་ཟློས་གར་ཁང་། དངུལ་ཁང་། སྨན་ཁང་། སྤྱི་གླིང་། སྔོ་ལྗང་ཁུལ་སོགས་ཞབས་ཞུའི་སྒྲིག་གཞི་དང་བྱེད་སྒོ་སྤེལ་ཡུལ་དུ་དེ་མཚུངས་ཀྱི་དཔེ་ཀློག་སྒྲིག་བཀོད་འཛུགས་པར་བསྔགས་སྐུལ་བྱེད་དགོས་པ་དང་། མཐོ་སློབ་དང་ཚན་ཞིབ་ཁང་ངམ་སུའོ་སོགས་ཚན་པའི་དཔེ་མཛོད་ཁང་དང་དེ་མིན་རིགས་གཞན་གྱི་ཆེད་ལས་དཔེ་མཛོད་ཁང་དུ་མཉམ་སྦྲེལ་མཉམ་སྤྱོད་ཀྱི་ཞབས་འདེགས་ཞུ་བར་བསྔགས་སྐུལ་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།