འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་29ཉིན།

༄༅།།གོ་ལ་ཧྲིལ་པོར་ཤོང་ཚད་ཆེ་ཤོས་ཝན་ཁ་པ་སྐྱེལ་འདྲེན་གྲུ་གཟིངས་བཟོ་འགྲུབ་བྱུང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་29ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གོ་ལ་ཧྲིལ་པོར་ཤོང་ཚད་ཆེ་ཤོས་ཝན་ཁ་པ་སྐྱེལ་འདྲེན་གྲུ་གཟིངས་བཟོ་འགྲུབ་བྱུང་།
   ཟླ་12ཚེས་28ཉིན་ཀྲུང་གོ་གྲུ་གཟིངས་ཚོགས་པའི་ཁོངས་གཏོགས་ཀྱི་ཅང་ནན་གྲུ་གཟིངས་བཟོ་གྲྭས་བཟོས་པའི་གོ་ལ་ཧྲིལ་པོར་ཤོང་ཚད་ཆེ་ཤོས་སྟེ་སྨི་རྒྱ་དཔང་གྲུ་བཞི་མ་99000ཅན་གྱི་ཝན་ཁ་པ་སྐྱེལ་འདྲེན་གྲུ་གཟིངས་ “PACIFIC INEOS BELSTAFF”ལ་དངོས་སུ་མིང་བཏགས་ནས་རྩིས་སྤྲད་པ་རེད།
   གྲུ་གཟིངས་དེའི་སྤྱིའི་རིང་ཚད་ལ་སྨི་230དང་། ཞེང་ཚད་ལ་སྨི་36.6 ཟབ་ཚད་ལ་སྨི་22.5 རང་བདག་ཤེས་བྱའི་བདག་དབང་4ཡོད་པའི་Bརྣམ་པའི་གཤེར་ཆུའི་གྲུ་ཚང་དང་Cརྣམ་པའི་གྲུ་ཐོག་གཤེར་སྣོད་2ཡོད་པ་དང་། གྲུ་གཟིངས་དེའི་ཤོང་ཚད་ཆེ་ཤོས་ལ་སྨི་རྒྱ་དཔངས་གྲུ་བཞི་9900ཟིན་ཡོད། ཅང་ནན་གྲུ་གཟིངས་བཟོ་གྲྭས་རང་བརྟེན་གྱིས་ཞིབ་འཇུག་དང་གསར་བཟོ་བྱས་པ་ཞིག་ཡིན་ཞིང་། དེ་ནི་ཅང་ནན་“Panda(དོམ་ཁྲ)”རྒྱུད་ཁོངས་སུ་གཏོགས་པས། གཤེར་གཟུགས་ཝན་ཁ་པ་རྒྱང་རིང་སྐྱེལ་འདྲེན་ལ་སྤྱོད་རྒྱུ་རེད། 
གྲུ་གཟིངས་དེའི་རིམ་པ་ནི་ཨ་རིའི་གྲུ་རིམ་ཚོགས་པ་དང་ཀྲུང་གོའི་གྲུ་རིམ་ཚོགས་པ་གཉིས་སུ་ཚུད་པས། རྒྱལ་སྤྱིའི་གཤེར་རླངས་སྐྱེལ་འདྲེན་སྒྲིག་སྲོལ་དང་མཐུན་པ་མ་ཟད། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་དང་ཨ་རིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་སོགས་ཀྱི་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་བླང་བ་ལའང་མཐུན།  
   ཤེས་རྟོགས་བྱུང་བར་གཞིགས་ན། Bརྣམ་པའི་གཤེར་གཟུགས་སྲུང་སྐྱོབ་མ་ལག་དེ་སྨི་རྒྱ་དཔངས་གྲུ་བཞི་མ་100000མན་གྱི་རླངས་གཟུགས་གྲུ་གཟིངས་ཁྲོད་ལེགས་ཆ་ཆེན་པོ་ལྡན་ཡོད། གྲུ་གཟིངས་དེར་སྨི་རྒྱ་དཔངས་གྲུ་བཞི་མ་99000ཡི་ཤོང་ཚད་ལྡན་པ་ནི། ལས་རིགས་སུ་ཀུན་སྤྱོད་ཚད་གཞི“ཨ་རིའི་ཧེའུ་སི་ཏུན་གྲུ་ལམ་གྱི་ཚད་ཐིག་གཙོ་བོའི”ཚོད་འཛིན་ཆ་རྐྱེན་འོག་གི་ཤོང་ཚད་ཆེ་ཤོས་ཡིན་པས། མིག་སྔར་ཁྲོམ་ར་དེའི་མདུན་གྲལ་དུ་སླེབས་ཡོད་པ་རེད།
༄༅།།གོ་ལ་ཧྲིལ་པོར་ཤོང་ཚད་ཆེ་ཤོས་ཝན་ཁ་པ་སྐྱེལ་འདྲེན་གྲུ་གཟིངས་བཟོ་འགྲུབ་བྱུང་།
༄༅།།གོ་ལ་ཧྲིལ་པོར་ཤོང་ཚད་ཆེ་ཤོས་ཝན་ཁ་པ་སྐྱེལ་འདྲེན་གྲུ་གཟིངས་བཟོ་འགྲུབ་བྱུང་།