འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་27ཉིན།

༄༅།།《ཁྲེང་ཏུའུ་དང་ཁྲུང་ཆིང་གིས་ནུབ་རྒྱུད་དངུལ་རྩའི་ལྟེ་གནས་མཉམ་སྐྲུན་གྱི་འཆར་འགོད》དངོས་སུ་བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་27ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་ས་གནས་དངུལ་རྩ་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་སྲིད་གཞུང་དང་མཉམ་དུ《ཁྲེང་ཏུའུ་དང་ཁྲུང་ཆིང་གིས་ནུབ་རྒྱུད་དངུལ་རྩའི་ལྟེ་གནས་མཉམ་སྐྲུན་གྱི་འཆར་འགོད》བཀྲམ་ནས་2025ལོའི་ནུབ་རྒྱུད་དངུལ་རྩའི་ལྟེ་གནས་རགས་ཙམ་བསྐྲུན་རྒྱུའི་དམིགས་ཚད་བཏོན་ཡོད་པ་རེད།
     2035ལོར་སླེབས་སྐབས། ནུབ་རྒྱུད་དངུལ་རྩའི་ལྟེ་གནས་ཀྱི་གནས་བབ་སྔར་བས་སྲ་བརྟན་དུ་གཏོང་དགོས་ཤིང་། དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་ནུས་པ་དང་ཁྱབ་འགྱེད་ཀྱི་ཤུགས་རྐྱེན་ནུས་པ་ཅུང་ཆེ་བའི་ཁུལ་ཁོངས་དངུལ་རྩའི་ཁྲོམ་རའི་གནས་བབ་གཏན་འཁེལ་བྱས་ཏེ། ཁུལ་ཁོངས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུབ་རྒྱུད་སྐམ་མཚོའི་ཚོང་དོན་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་སྐམ་སའི་དངུལ་རྩ་སྒོ་དབྱེ་ཞབས་ཞུའི་མ་ལག་ལ་ཁྲིད་སྟོན་བྱེད་པ། དངུལ་རྩའི་ཞབས་ཞུའི“རྒྱུད་གཅིག་ལམ་གཅིག”གི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ནུབ་རྒྱུད་དངུལ་རྩའི་ལྟེ་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།