འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་23ཉིན།

༄༅།།ཁོང་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་23ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཁོང་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་རྒྱུ་རེད།
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། ལེ་པ་ནོན་དུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨན་ཏུང་ཉི་ཨའོ•ཀུའུ་ཐེ་ལེ་སིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། “པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུའི་གཏན་འཁེལ་བྱས་ཡོད་མེད་”སྐོར་གྱི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཀུའུ་ཐེ་ལེ་སིས་ཁོང་ལ་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་གདན་ཞུ་འབྱོར་ཡོད་ལ། གདན་ཞུ་དང་ལེན་ཡང་བྱས་ཡོད་གསུངས།