འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་20ཉིན།

༄༅།།ཀན་སུའུ་དང་མཚོ་སྔོན་གྱིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་20ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཏུང་ཧུང་ལེང་དང་། ཀྲའོ་ཧྲོའེ་ཅེ། ཅ་ཧྥུང་ཧྥུང་།
     ཀན་སུའུ་དང་མཚོ་སྔོན་སོགས་ས་གནས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་མི་དམངས་ལ་ཞབས་འདེགས་ཞུ་བ། གཞི་རིམ་གྱི་དཀའ་ངལ་དང་མང་ཚོགས་ཀྱི་སེམས་ཁྲལ་ཏན་ཏིག་སེལ་བ་བཅས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བཞིན་ཡོད་པ་རེད།
     ཀན་སུའུ་ཡིས་ནུས་ཤུགས་ཡོད་རྒུས་དམངས་ཕྱུག་དང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
     ཀན་སུའུ་ཞིང་ཆེན་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་མཛུབ་སྟོན་གྱི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ། དམངས་ཕྱུག་དང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།
     ཀན་སུའུ་ཞིང་ཆེན་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ནས་ཞིང་ཆེན་རིམ་པའི་གཙོ་གནད་རྣམ་གྲངས་65ཡི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།
     —— སྲིད་གཞུང་གིས་ཁས་བླངས་པའི་བྱ་བ་དངོས་ཁག་10དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ཀན་སུའུ་ཡིས་གོམ་སྟབས་སྤོ་མགྱོགས་སུ་གཏོང་བ་དང་རྩིས་བསྡུར་ཐོ་སུབ་བྱས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་ལ་ལག་ཁྱེར་ཡོད་པ་དང་བློ་བདེ་པོའི་ངང་སྡོད་ཐུབ་པ་བྱ་ཆེད། ཀན་སུའུ་ཡིས་གཞུང་ཁོངས་ས་ཆའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་བཙོངས་པའི་ལོ་རྒྱུས་ཐོག་ཐག་གཅོད་བྱེད་རྒྱུར་ལུས་པའི“ཐོ་འགོད་བྱེད་དཀའ་བའི”གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་། གྲོང་གསེབ་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་སྟེ་རང་བྱུང་གྲོང་ཚོར(ཚོགས་ཆུང)ཨར་འདམ་ལམ་སྤྱི་ལེ་10368གསར་དུ་བསྐྲུན་པ། གྲོང་གསེབ་ཀྱི་ཆུ་འགོ་འགན་ལེན་གྱི་ལས་གྲྭ་ཁག་85ལེགས་སྒྲུབ་བྱས་ནས་མི་ཁྲི་143ལ་ཕན་པ་ཐོབ་ཡོད་པ་རེད།
     —— མ་དངུལ་དང་རྣམ་གྲངས་དོན་འཁྱོལ་དང་ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་ཡག་པོ་སྤྱོད་པ་སོགས་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱས་ཡོད། དབུལ་ལོག་མི་ཐེབས་པའི་གནས་ཚུལ་ལ་ལྟ་ཞིབ་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་ཞིབ་བྱ་ཡུལ་78%ལྷག་ཙམ་ལ་ཁག་2དང་དེ་ཡན་གྱི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་ཡོད་པ་རེད།
     —— འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་མང་ཚོགས་ཆེད་སེམས་ཁྲལ་སེལ་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ཁེ་ལས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཡོད། ཞིང་ཆེན་རིམ་པའི་སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ཏུ་གཉེར་ཚད་2020ལོའི་31%ནས་2021ལོའི་ཟླ་10པའི་ཟླ་མཇུག་བར་གྱི་79%བར་མཐོ་རུ་ཕྱིན་པ་དང་། སྲིད་འཛིན་ཆོག་འཐུས་དང་ཞིབ་མཆན་དོན་ཚན་2020ལོའི་ཁག་25ནས་2021ལོའི་ཟླ་10པའི་ཟླ་མཇུག་བར་གྱི་ཁག91བར་མང་དུ་ཕྱིན་ནས་ཉེ་བའི་ལོ་ཤས་རིང་གི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
     —— ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཤིང་། ཀན་སུའུ་ལ་བཙོག་ཆུ་དྲི་ངན་ཅན་ཁག་68ཡོད་པའི་ནང་ཁག་41གཙང་སེལ་ཐུབ་ནས་ལེགས་གྲུབ་ཐུབ་ཚད་60.29%ཟིན་ཡོད་པ་དང་། ནགས་བཟོ་བྱེ་བཅོས་དང་། རྩྭ་ཐང་སླར་གསོ། སྐྱེ་ཁམས་རྩྭ་འདེབས་བཅས་ཁྱོན་མུའུ་ཁྲི་850ལེགས་སྒྲུབ་བྱས་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད་པ་རེད།
     མཚོ་སྔོན་གྱིས་གསར་བརྗེའི་སྟོབས་ཤུགས་རླབས་པོ་ཆེ་བསྡུ་ལེན་བྱས་ནས་མང་ཚོགས་ལ་བྱ་བ་དངོས་ཡག་པོ་བསྒྲུབས་པ།
     མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་མི་སེམས་ལ་ཟུག་པ་བྱས་ཡོད་པ་རེད།
     ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། གསར་བརྗེའི་ཐོན་ཁུངས་ཧུར་ཐག་སྤྱོད་པ། སློབ་སྦྱོང་ལ་དམ་འཛིན་གྱིས་བྱ་བ་དངོས་སྒྲུབ་པ་དང་བྱ་བ་དངོས་བསྒྲུབས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བཅས་བྱས་ནས་གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་བཏང་ཡོད་པ་རེད།
     《“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་གྲུབ་འབྲས་གདེང་འཇོག་བྱ་ཐབས》བཟོས་པ་བརྒྱུད། མཚོ་སྔོན་གྱིས་གདེང་འཇོག་གི་ནང་དོན་དང་། ཐབས་ཤེས། གོ་རིམ་བཅས་གསལ་པོ་བཏོན་ནས་ལག་ལེན་བྱེད་སྒོའི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ལག་ལེན་བྱེད་སྒོའི་གྲུབ་འབྲས་ལ་དཔྱད་དཔོག་གདེང་འཇོག་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སེམས་ནུས་ཡོད་རྒུས་གཞི་རིམ་གྱི་དཀའ་ངལ་དང་མང་ཚོགས་ཀྱི་སེམས་ཁྲལ་སེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།
     རྒན་རྒོན་གྱི་ལས་དོན་སྒྲུབ་པའི་ཞབས་ཞུའི་ཆེད་དོན་ཁུལ་དང་། ཁེ་ལས་ཀྱི་ལས་གཉེར་ཆེད་དོན་ཁུལ། ཁྲལ་དོན་ཞབས་ཞུའི་ཆེད་དོན་ཁུལ། “ཞིང་སྒྲོལ་ཀུན་སྒྲུབ”ཞབས་ཞུའི་ཆེད་དོན་ཁུལ་བཅས་བཙུགས་པ་སོགས། མིག་སྔའི་བར་ཞིང་ཆེན་རིམ་པའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་གཙོ་གནད་རྣམ་གྲངས་ཀྱི་སྤྱིའི་རྩིས་ཁྲའི་ནང་བཅུག་པའི་རྣམ་གྲངས་2194ཡི་ནང་ནས་རྣམ་གྲངས་1625ལེགས་གྲུབ་ཟིན་ནས་ལེགས་གྲུབ་ཐུབ་ཚད་74%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་2.1གིས་བསྒྲུབ་རྒྱུ་ཁས་བླངས་པའི་བྱ་བ་དངོས་ཁྲི་7ལྷག་ཙམ་བསྒྲུབས་པ་དང་། ཏང་ཡོན་ཁྲི་42ལྷག་ཙམ་གྱིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་ཁྲི་20ལྷག་ཙམ་སྤེལ་ནས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།