འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་17ཉིན།

༄༅།།ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་གསར་པ་བསྐོ་གཞག་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་17ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་གསར་པ་བསྐོ་གཞག་བྱས།
     མི་དམངས་དྲ་བའི་འཕྲིན། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་ཐོག་འདེམས་ཤོག་འཕངས་ནས་ཉི་ཀུའུ་ལ་སི•པོ་ཨན་སི(Nicholas Burns)ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ་བ་མིང་འདོན་བྱས་པར་གྲོས་འཆམ་བྱུང་བ་རེད། འདིས་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ལོ་གཅིག་ལྷག་མེད་པའི་རྣམ་པ་མཇུག་རྫོགས་སྲིད།
     ཟླ་8ཚེས་20ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཉི་ཀུའུ་ལ་སི•པོ་ཨན་སི་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བའི་འགན་འཁུར་རྒྱུའི་མིང་འདོན་བྱས་པ་རེད།
     དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། ལོ་65ལ་སླེབས་པའི་པོ་ཨན་སི་ཉིའུ་ཡོག་མངའ་སྡེ་ནས་སྐྱེས་པ་དང་། ཧ་ཝུར་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་གི་ཕྱི་འབྲེལ་དང་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེན་མོ་བ་ཞིག་ཡིན་པ་མ་ཟད། ཨ་སི་ཕེང་སློབ་ཚོགས་སོགས་ཨ་རིའི་རིག་མཛོད་ཀྱི་མཐོ་རིམ་བློ་འདྲི་བའི་འགན་འཁུར་གྱི་ཡོད་པ་རེད།
པོ་ཨན་སི་ནི་ལོ་25ལྷག་ཙམ་རིང་ཕྱི་འབྲེལ་གྱི་ཉམས་མྱོང་ཡོད་པའི་བསླབ་པ་རྒན་པའི་ཕྱི་འབྲེལ་དཔོན་ཞིག་ཡིན་པ་དང་། དེ་སྔ་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་དང་། ཀེ་རི་སེར་བཅའ་སྡོད་གཞུང་ཚབ་ཆེན་མོ། བྱང་ཆིངས་རྩ་འཛུགས་སུ་རྒྱུན་སྡོད་འཐུས་མི་སོགས་ཀྱི་འགན་འཁུར་མྱོང་ཡོད།
     2005ལོ་ནས་2008ལོའི་བར། པོ་ཨན་སིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆབ་སྲིད་ལས་དོན་གྱི་འགན་འཁུར་བའི་རྒྱལ་དོན་བློན་ཆེན་གཞོན་པའི་འགན་བཞེས། ཕོ་བྲང་དཀར་པོས་ཡོངས་བསྒྲགས་བྱས་པའི་ལོ་རྒྱུས་མདོར་བསྡུས་ནང་དེའི་རིང་ཨ་ཧྥུ་ཀ་ནི་སི་ཐན་དང་། དབྱི་རན། ཁྲའོ་ཞན་བཅས་དང་དེ་བཞིན་ས་ཁུལ་གྱི་སྲིད་ཇུས་སོགས་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་སྲིད་གཞུང་དང་མཉམ་ལས་བྱེད་མྱོང་ཡོད་ཅེས་འཁོད་ཡོད་པ་རེད། ཨ་སི་ཕེང་སློབ་ཚོགས་སུ་བྱ་བ་སྒྲུབ་སྐབས། ཁོང་ཉིད་སློབ་ཚོགས་དེ་དང་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་བར་གྱི་སྲིད་ཇུས་གླེང་མོལ་བྱེད་པའི་རྩ་འཛུགས་ཤིག་ཏུ་ཞུགས།