འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་14ཉིན།

༄༅།།Appའདི་རིགས་གནས་སྐབས་དྲ་ཐོག་ནས་ཕུད་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་14ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།Appའདི་རིགས་གནས་སྐབས་དྲ་ཐོག་ནས་ཕུད་རྒྱུ་རེད།
     མི་དམངས་དྲ་བའི་འཕྲིན། ཚེས་13ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་པར་གཞིགས་ན། སློབ་གསོ་པུས་བརྡ་ཐོ་བཏང་ནས་Appཡི་དོ་དམ་ལ་སློབ་གསོ་ཤུགས་སྣོན་བརྒྱབ་ནས“གཉིས་འཕྲིའི”སྲིད་ཇུས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
     བརྡ་ཐོའི་ནང་བསྟན་དོན། ས་གནས་ཁག་གི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་རིག་ཚན་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིར་ཆོག་མཆན་མ་ཐོབ་གོང་། སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་རིག་ཚན་རིགས་ཀྱི་Appཡི་གསོ་སྦྱོང་ཐོ་འགོད་ལས་དོན་གནས་སྐབས་མཚམས་འཇོག་བྱ་རྒྱུ་དང་། ཐོ་འགོད་སྙན་སེང་ཞུས་པའི་འབྲེལ་ཡོད་སློབ་གསོ་Appགནས་སྐབས་སྟེགས་བུ་ནས་ཕུད་དགོས།
   དྲ་ཐོག་ནས་ཕྱིར་འབུད་བྱས་པའི་འབྲེལ་ཡོད་སློབ་གསོ་Appམཁོ་འདོན་བྱེད་མཁན་ལ་སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་རིག་ཚན་རིགས་ཀྱི་གསོ་སྦྱོང་ཆོག་འཐུས་ཐོབ་རྗེས་ལས་སྟེགས་ཀྱི་ཁ་གསབ་ཆོག་འཐུས་ཆ་འཕྲིན་དེ་ཐོ་འགོད་སླར་གསོ་བྱ་རྒྱུའི་རེ་འདུན་ཞུ་པ་དང་འབྲེལ་ས་གནས་དེ་གའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱི་ཞིབ་དཔྱད་ཐོབ་རྗེས་དྲ་ཞུགས་བྱ་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་དང་རིག་ཚན་རིགས་ཀྱི་གསོ་སྦྱོང་ཆོག་འཐུས་མ་ཐོབ་ན་ཐོ་འགོད་སྙན་སེང་ཕྱིར་འཐེན་བྱ་དགོས།
     “པར་ལེན་འཚོལ་ཞིབ”མཁོ་སྤྲོད་དང་ཁྱབ་སྤེལ་སོགས་བྱེད་པའི་སྦྱོང་ཚན་APPཡིས་སློབ་མའི་བསམ་གཞིག་ནུས་པ་སྒྱིད་ལུག་ཅན་དུ་འགྱུར་བ་དང་། སློབ་མས་སྒེར་ཚུགས་ངང་བསམ་གཞིག་བྱེད་པར་ཤུགས་རྐྱེན་ཐེབས་པ། སློབ་གསོ་དང་སློབ་ཁྲིད་ཀྱི་ཆོས་ཉིད་དང་འགལ་བས་གནས་སྐབས་དྲ་ཐོག་ནས་ཕུད་རྒྱུ་རེད། དག་ཐེར་ཡོ་བསྲང་དོན་ཐོག་ཏུ་འཁྱོལ་བ་མ་ཟད། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས། ད་གཟོད་སླར་གསོ་ཐོ་འགོད་བྱས་ཆོག 
     བརྡ་ཐོའི་ནང་ཁ་གསལ་བསྟན་དོན། སློབ་ཞུགས་མ་བྱས་གོང་གི་སློབ་མའི་དྲ་ཐོག་Appགསོ་སྦྱོང་ཐོ་འགོད་སྙན་ཞུ་དང་ལེན་མི་བྱེད་པ་དང་ཐོ་འགོད་སྙན་སེང་ཞུས་པའི་འབྲེལ་ཡོད་Appཕྱིར་འཐེན་བྱ་དགོས།