འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་14ཉིན།

༄༅།།2021ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རླུང་འཕྲིན་མནའ་འབྲེལ་གྱི་སློབ་གྲྭ་ཆེ་མོ་བའི་འཕྲུལ་མིའི་འགྲན་བསྡུར་ཆེ་མོ་ཧྲན་ཏུང་ཅི་མོ་རུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་14ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་12ཚེས་12ཉིན། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ཀྱི་འགྲན་རར་འགྲན་ཞུགས་བདམས་ཐོན་པ་ཚོས་འཕྲུལ་མིར་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་པ།
འདི་ནི་ཟླ་12ཚེས་12ཉིན། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ཀྱི་འགྲན་རར་འགྲན་ཞུགས་བདམས་ཐོན་པ་ཚོས་འཕྲུལ་མིར་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་པ།
     ཟླ་12ཚེས་12ཉིན། 2021ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རླུང་འཕྲིན་མནའ་འབྲེལ་གྱི་སློབ་གྲྭ་ཆེ་མོ་བའི་འཕྲུལ་མིའི་འགྲན་བསྡུར་ཆེ་མོ་དེ་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་སུ་གཉེར་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོ་ནི“བུམ་པའི་ནང་མདའ་བླུག་རྒྱུ”ཡིན་པ་དང་། དེར་ཀྲུང་གོ་དང་། རི་པིན། རྒྱ་གར། ཐེ་ལན། མ་ལེ་ཞི་ཡ། ནེ་པ་ལ། མོང་གོལ་རྒྱལ་ཁབ། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་དང་ས་ཁུལ་11གི་དཔུང་ཁག་21གིས་དྲ་ཐོག་བརྒྱུད་ནས་འགྲན་བསྡུར་བྱས་ཡོད། འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད་ཧིན་རྡུ་ཉི་ཞི་ཡའི་སི་ཧྲུའེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་བདམས་ཐོན་པར་ཨང་དང་པོ་རག་པ་རེད།