འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་14ཉིན།

༄༅།།འཀན་སུའུ་ཀན་ལྷོའི་ཆུ་འདྲེན་ལས་གྲྭ་ཆེ་ཤོས་ཀྱི་ཆུ་དངོས་སུ་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་14ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མ་དངུལ་གཏོང་མང་ཤོས་དང་། ཆུ་འདྲེན་གྱི་ལམ་ཐིག་རིང་ཤོས། ཁྱབ་ཁྱོན་ཆེ་ཤོས། ཕན་པ་ཐོབ་མཁན་མང་ཚོགས་མང་ཤོས་བཅས་ཀྱི་ཆུ་འདྲེན་ལས་གྲྭ་ཡིང་ཐའོ་ཆི་ཧོ་ཆུ་མཁོ་འདོན་ལས་གྲྭའི་ཆུ་དངོས་སུ་ཤར་གཏོང་ཐུབ་པ་རེད།
   ལས་གྲྭ་དེ་2014ལོའི་ཟླ་7པར་དངོས་སུ་ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་6.39བཏང་ཡོད་པ་རེད། ལས་གྲྭ་དེ་དང་ཐོག་ཐའོ་ཧོ་གཙང་པོའི་རིམ་པ་དང་པོའི་ཡན་ལག་ཆུ་བོ་པོ་ལ་ཧོ་ཡིན་པ་དང་ཆུ་འདྲེན་གྱི་ལམ་ཐིག་སྤྱི་ལེ་31.24ཟིན་པ་དང་། ཆུ་རགས་ཀྱི་རགས་ཁ་དམའ་བའི་ཆུ་འདྲེན་ལྟེ་བ་གཉིས་བསྐྲུན་པ། སྨི་རྒྱ་དཔངས་གྲུ་བཞི་ཁྲི་68ཡོད་པའི་ཆུ་མཛོད་གཅིག་དང་ཉིན་རེར་ཐག་གཅོད་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་7.5ཟིན་པའི་ཆུ་བཟོ་གྲྭ་གཅིག་བཅས་ཡོད་པ་རེད། ལས་གྲྭ་དེས་སྐར་ཆ་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་1.1འདྲེན་ཐུབ་ཀྱི་ཡོད་པ་དང་ལོར་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1910ཟིན་གྱི་ཡོད། ལས་གྲྭ་དེའི་ཆུ་ཤར་གཏོང་ཐུབ་རྗེས་ཀན་ལྷོ་ཀྲོའུ་སྲིད་གཞུང་གནས་ཡུལ་གཙོད་གྲོང་ཁྱེར་གྱི་གྲོང་ཁུལ་དང་དེ་བཞིན་ཉེ་འགྲམ་གྱི་མི་ཁྲི་14.4ཡི་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
   ཀན་ལྷོ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་འཁྱོངས་ཁུལ་དང་གསབ་སྤྲོད་ཁུལ་ཞིག་རེད། ཀན་སུའུ་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཀྲུའུ་ཅན་ཧའེ་ཡིས་ཡིང་ཐའོ་ཆི་ཧོ་ཆུ་མཁོ་སྤྲོད་ལས་གྲྭས་མང་ཚོཌ་ལ་བློ་བདེའི་ཆུ་འཐུང་རྒྱུ་ཡོང་བ་བྱས་པ་མ་ཟད་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེཌ་སྐྱོར་ཡང་བྱ་རྒྱུ་རེད་ཅེས་བཤད།
   ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀན་ལྷོ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས་ལས་གྲྭ་དེའི་ཆུ་ཤར་གཏོང་ཐུབ་རྗེས་ཀན་ལྷོས་མུ་མཐུད་ཆུའི་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་ལས་གྲྭ་དེས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་དེ་བས་ཆེ་བ་འདོན་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད།