འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་29ཉིན།

༄༅།།སི་ཁྲོན་དཀར་མཛེས་ཀྱིས“དགུ་བཅུའི་ནང་སྐྱེས”ཀྱི་དམིགས་བསལ་ཉེན་རྟོག་པར་སྦྱོང་བརྡར་ནན་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་29ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བ་ཁྲེང་ཏུའུ་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཁའ་རླུང་གྲང་མོའི་ཤུགས་རྐྱེན་འོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་རུ་གངས་ཆེན་པོ་བབས་ནས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཁ་ཤས་སུ་སླེབས་ཡོད། དཀར་མཛེས་ཀྲོའུ་ཡི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་ལི་ཐང་རྟེན་གཞིའི་ཐོལ་བྱུང་ཐག་གཅོད་རུ་ཆེན་གཉིས་པས་གངས་ཁྲོད་དུ་གྲང་འགོག་སྦྱོང་བརྡར་བྱས་པ་རེད།
    སྦྱོང་བརྡར་བྱེད་སྐབས་དམིགས་བསལ་ཉེན་རྟོག་རུ་མི་ཚོས་སྟོད་གོས་ཕུད་དེ་གངས་ཁྲོད་དུ་སྤྱི་ལེ་ལྔ་རྒྱུག་ཤར་གློད་པ་དང་། འཛིང་རེས་སྦྱོང་བརྡར་དང་འཐབ་རྩལ་སྦྱོང་བརྡར་སོགས་བྱས་པརེད།
     ཤེས་རྟོགས་བྱུང་བར་གཞིཌ་ན། དཀར་མཛེས་དམིགས་བསལ་ཉེན་རྟོག་པས་ས་མཐོའི“གངས་སྤྱང”མཚོན་རྟགས་དཔུང་རྟགས་སུ་བྱས་པ་དང་། རུ་མི་ཚང་མ་ནི“དགུ་བཅུའི་ནང་སྐྱེས”ཡིན་པས་ཆ་སྙོམས་ལོ་24ཟིན་གྱི་ཡོད། ད་ཐེངས་ཀྱི་གྲང་འགོག་སྦྱོང་བརྡར་ནི་རུ་མི་ཚོས་མཐར་ཟད་སྦྱོང་བརྡར་གྱི་ཚད་གཞི་གཞིར་བཟུང་། ལུས་སྟོབས་འཕེལ་བ་དང་། བྱང་ཚད་མཐོར་གཏོང་། སྤྱོད་ཚུལ་ལེགས་གཏོང་། སྙིང་སྟོབས་འཕེལ་བ། ཉམས་སད་ཐེག་པ་བཅས་ཀྱི་དམག་འཐབ་ཀྱི་འཇོན་ཐང་ཆེ་རུ་བཏང་བ་ཞིག་རེད།