འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།2021ལོའི་ཀྲུང་གོ་དང་ཨུ་རུ་སུའི་དྲ་རྒྱའི་སྨྱན་སྦྱོར་གླེང་སྟེགས་གཉེར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། 2021ལོའི་ཀྲུང་གོ་དང་ཨུ་རུ་སུའི་དྲ་རྒྱའི་སྨྱན་སྦྱོར་གླེང་སྟེགས་པེ་ཅིང་དང་མོ་སི་ཁོར་བརྙན་ལམ་འབྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་གཉེར་ཞིང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་དྲ་རྒྱའི་གཙོ་གཉེར་སྡེ་ཚན་དང་། དྲ་རྒྱའི་སྨྱན་སྦྱོར། རིགས་གཅིག་མཁས་ཅན་དང་མཁས་དབང་། དྲ་སྦྲེལ་ཁེ་ལས་ཀྱི་འཐུས་མི་སོགས་ཀྱིས“སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། གླེང་སྟེགས་ཐོག་ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་གྲོས་འགོའི་འོག་རྒྱལ་ཁབ་གཉིས་པོའི་དྲ་རྒྱའི་སྨྱན་སྦྱོར་དབར་ད་དུང《2021ལོའི་ཀྲུང་ཨུའི་དྲ་རྒྱའི་སྨྱན་སྦྱོར་གྱི་ཐུན་མོང་ངོས་འཛིན》བྱུང་བ་རེད།
     ཀྲུང་གོ་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཉིའུ་དབྱི་པིང་གིས་ཤིས་ཚིག་སྒྲོན་སྐབས་ཀྲུང་ཨུའི་དྲ་རྒྱའི་སྨྱན་སྦྱོར་གླེང་སྟེགས་གཉེར་ནས་ལོ་ལྔ་སོང་རིང་རྒྱལ་ཁབ་གཉིས་པོའི་དྲ་རྒྱའི་སྨྱན་སྦྱོར་དང་དྲ་སྦྲེལ་ཁེ་ལས་ཀྱི་སྤེལ་རེས་མཉམ་ལས་ལ་སྣེ་ཁྲིད་བྱེད་པའི་དབང་གྲགས་ལྡན་པའི་ལམ་སྲོལ་རང་བཞིན་གྱི་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་དྲ་རྒྱའི་སྨྱན་སྦྱོར་གྱིས་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། བརྒྱུད་སྤེལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཞུང་དྲང་གི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་སྒྲིག་ལམ་གཏོད་པ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཨུའི་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ལྟེ་བའི་འགྲན་རྩོད་ཀྱི་ལེགས་ཆ་བརྟན་དུ་གཏོང་བ། ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མཉམ་ལས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།
     ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲངས་འཛིན་འཕེལ་རྒྱས་དང་འཕྲིན་གཏོང་དང་སྤྱི་དམངས་སྨྱན་སྦྱོར་པུའི་པུའུ་ཀྲང་གཞོན་པ་ཆེར་ཁོའོ་སུའོ་ཝ·པེ་ལ·མུའུ་ཧ་པི་ཡེ་ཕུའུ་ནཱ་ཡིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་རོལ་ཡུལ་དང་མཐུན་ལ་ཇི་མ་ཇི་བཞིན་གྱི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་སྤེལ་བྱེད་པ། ཉམས་མྱོང་མཉམ་སྤྱོད་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།