འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གཏམ་འཆལ་ཐེར་འདོན་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་3པ་ནས་བཟུང་། དྲ་ཐོག“རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་རྣམ་གྲངས་རིགས་23ལ་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་། གྲངས་འབོར་སྒོར་དུང་ཕྱུར་སྟོང་ལས་བརྒལ་བའི”ཆ་འཕྲིན་ཡང་ཡང་ཐོན་པ་དེ་དག་ཚང་མ་ནི་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་མིང་ཐོག་ནས་གང་བྱུང་དུ་བསྡུ་རུབ་བྱས་པའི་ཆ་འཕྲིན་རྫུན་མ་ཞིག་རེད། ཉིན་ཤས་གོང་། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གཟབ་ནན་ངང་གཏམ་འཆལ་ཐེར་འདོན་བྱས་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་མགོ་སྐོར་གཏན་ནས་ཐེབས་མི་རུང་ཞེས་བསྟན་པ་རེད། 
     ཟླ་3ཚེས་26ཉིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཅུས་སོགས་སྡེ་ཁག་གིས་དཔར་འགྲེམ་བྱས་པའི《ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་མཐུད་འབྲེལ་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》ལ་གཞིགས། འབྲེལ་མཐུད་མ་དངུལ་དེ་འབྲེལ་ཡོད་མི་ཚོགས་ཀྱི་གྲངས་འབོར་དང་། གྲུབ་ཚུལ། དེ་བཞིན་ཡོང་འབབ། སྲིད་ཇུས་ཀྱི་རྒྱུ་རྐྱེན་དང་ཕན་འབྲས་སོགས་ཀྱི་ཞིབ་དཔྱད་འབྲས་བུ་ཚོད་རྩིས་བྱས་ཚུལ་ལྟར་ཞིང་ཆེན་ལ་བགོ་བཤའ་བརྒྱབ་པ་དང་། ཞིང་ཆེན་གྱིས་རྒྱུ་རྐྱེན་དང་བཅའ་ཁྲིམས་གཞིར་བཟུང་རྫོང་ལ་བགོ་བཤའ་བརྒྱབ་པ། རྣམ་གྲངས་ཀྱི་ཞིབ་མཆན་དབང་ཆ་རྫོང་རིམ་པར་སྤྲད་པ། རྫོང་རིམ་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ཡོང་རྒྱུར་དམིགས་ཏེ་འབྲེལ་མཐུད་མ་དངུལ་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་པ་རེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་ལ་རྣམ་གྲངས་སྙན་སེང་ཞུ་མི་དགོས། 
     རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱ་ཆེའི་དྲ་གྲོགས་གྱིས་དུས་ཐོག་ཏུ་ཡིག་སྒམ་jubao@cpad.gov.cnབརྒྱུད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་མིང་ཐོག་ནས་གཡོ་སྐོར་དང་ཚོགས་འདུའི་གླེང་སྟེགས་གཉེར་ནས་མ་འཇོག་གོ་ནོར་ཐེབས་སུ་འཇུག་པའི་བྱེད་སྤྱོད་ཐེར་འདོན་བྱེད་དགོས་ཞེས་བཤད་པ་རེད། དྲ་གྲོགས་ཀྱི་ཐེར་འདོན་ཁུངས་སྣེ་འབྱོར་རྗེས་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་དབྱེ་ཞིབ་དང་དཔང་རྟགས་འཚོལ་བསྡུ་བྱས་ཏེ་ཁྲིམས་ལྟར་གཙང་བཤེར་བཅོས་སྒྲིག་བྱེད་པ་དང་འབྲེལ་ཁྲིམས་འཛིན་ལས་ཁུངས་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད།