འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།བོད་ཀྱི་ལྷ་གཞིས་མྱུར་བགྲོད་གཞུང་ལམ(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)གཞིས་རྩེའི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་ནས་ཚོད་ལྟའི་འཁོར་རྒྱུག་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚེས་22ཉིན་G4218ལྷ་ས་ནས་གཞིས་རྩེའི་བར་གྱི་མྱུར་བགྲོད་གཞུང་ལམ(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)གཞིས་རྩེ་དུམ་བུར་འཁོར་རིགས་ཆུང་གྲས་བཏང་བ་དང་འབྲེལ་ཚོད་ལྟའི་འཁོར་རྒྱུག་དོ་དམ་བྱས་ཤིང་། སྤྱི་ཚོགས་ཀྱི་འཁོར་རིགས་ཆུང་གྲས་དང་ཞིབ་མཆན་ཐོབ་པའི་འཁོར་རིགས་དམིགས་བསལ་རིན་མེད་ཤར་གཏོང་བྱེད་རིང་། མྱུར་ཚད་མགྱོགས་ཤོས་ལ་ཆུ་ཚོད་རེར་སྤྱི་ལེ་100དང་འགོར་ཤོས་ལ་ཆུ་ཚོད་རེར་སྤྱི་ལེ་70ཡི་མྱུར་བགྲོད་གཞུང་ལམ་ཤར་གཏོང་གི་ཚད་གཞི་ལྟར་འགྲིམ་འགྲུལ་དོ་དམ་བྱ་རྒྱུ་རེད།
     ལྷ་གཞིས་མྱུར་བགྲོད་གཞུང་ལམ(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)གཞིས་རྩེའི་དུམ་བུ་ནི་G4218གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་རྩེ་གནམ་ཐང་དུམ་བུའི་གཞུང་ལམ་ལས་གྲྭའི་དུམ་བུ་ཞིག་ཡིན་པ་དང་དེར་ལམ་ཐག་ལ་ཁྱོན་སྤྱི་ལེ་34.87ཡོད་ཅིང་། འགོ་གཞིས་རྩེ་བསམ་གྲུབ་རྩེ་ཆུས་ལྷན་ཤང་སྟག་གྲུ་ཁ་གྲོང་ཚོ་ནས་བཙུགས་ཏེ་ལྕགས་འདམ་དུ་བསྐྲུན་ཟིན་པའི་གཞིས་རྩེ་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་ཕན་ཚུན་འབྲེལ་མཐུད་བྱས་ཡོད་པས། གཞིས་རྩེ་གྲོང་ཁྱེར་ལྷན་ཤང་སྟག་གྲུ་ཁ་གྲོང་ཚོ་ནས་གཞིས་རྩེ་གྲོང་ཁུལ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཆོག་པར་བརྟེན་རླངས་འཁོར་གྱི་ལམ་ཐག་སྐར་མ་40ཙམ་ཐུང་དུ་འགྲོ་ཡི་ཡོད།