འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས《བརྡ་ཐོ》བཀྲམ་སྟེ། སྤྱན་སྦིར་བའི་དྲ་ཐོག་ཆ་འཕྲིན་
ཚད་ལྡན་དུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས《སྤྱན་སྦིར་བའི་དྲ་ཐོག་ཆ་འཕྲིན་ཚད་ལྡན་དུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ཞིང་། དེའི་དམིགས་ཡུལ་ནི་སྤྱན་སྦིར་བའི་དྲ་ཐོག་ཆ་འཕྲིན་ཚད་ལྡན་དུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་དྲ་རྒྱའི་གླེང་ཕྱོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱས་ནས་དེ་བས་དྭངས་གཙང་གི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་རྒྱུ་དེ་རེད།
   《བརྡ་ཐོའི》ནང་། སྤྱན་སྦིར་བ་དང་། བར་གཉེར་ཀུང་སི(ལས་དོན་ཁང) ཧྥེན་སི་ཚོགས་པ(རྒྱབ་རོགས་ཚོགས་པ) སྤྲོ་ལྡན་རིགས་ཀྱི་སྤྱི་རྟགས། MCNསྒྲིག་གཞི་སོགས་ཨང་རྟགས་དང་བྱེད་པོ་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྱུང་རྩ་ནས་སྤྱན་སྦིར་བའི་དྲ་ཐོག་ཆ་འཕྲིན་ཚད་ལྡན་དུ་གཏོང་བ་དང་དུས་མཚུངས་དྲ་ཚིགས་ལས་སྟེགས་ལ་སྤྱན་སྦིར་བ་དང་འབྲེལ་བ་ཡོད་པའི་དྲ་ཐོག་གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་། ཐག་གཅོད། ཁྲིད་སྟོན་བཅས་བྱེད་པའི་ལམ་སྲོལ་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
   《བརྡ་ཐོའི》ནང་། ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་གྱིས་སྤྱན་སྦིར་བའི་དྲ་ཐོག་ཆ་འཕྲིན་ཚད་ལྡན་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས“ཧྥིན་སེ་ཚོགས་པའི”སྣང་ཚུལ་ཟང་ཟིང་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་དྲ་ཚིགས་ལས་སྟེགས་ཀྱིས་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས་ལས་ཀར་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།