འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་24ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་མཚོན་ཞིབ་བཤེར་ནང་མ་ལིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་ཁག་དགུ་པའི་
གོ་མཚོན་ཞིབ་བཤེར་ལ་ཁས་ལེན་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་24ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁར་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་མཚོན་ཞིབ་བཤེར་ནང་མ་ལིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་ཁག་དགུ་པའི་གོ་མཚོན་ཞིབ་བཤེར་ལ་ཁས་ལེན་བྱུང་བ་རེད། དེ་ནི་ཡན་ལག་རུ་ཁག་དེས་ཟླ་9པའི་ཟླ་དཀྱིལ་དུ་རེས་སྐོར་བཀོད་སྒྲིག་བྱས་ཚུན་གྱི་ཞིབ་བཤེར་དང་ལེན་བྱེད་ཐེངས་གཉིས་པ་ཡིན་པ་དང་གོ་མཚོན་གྱི་ཡོ་བྱད་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་བཤེར་ཚད་གཞི་དང་མཐུན་ཡོད།

ཞིབ་བཤེར་བྱེད་པའི་ཉིན་དེ་རང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལིའི་རིམ་མང་ཕྱོགས་བསྡུས་བརྟན་ལྷིང་ཆེད་མངགས་ཚོགས་པའི(མ་ལིའི་བརྟན་ལྷིང་ཚོགས་པ)ལས་དོན་མི་སྣ་8ལས་གྲུབ་པའི་ཞིབ་བཤེར་ཚོགས་ཆུང་མ་ལིའི་བྱང་རྒྱུད་ཀྱི་ཅ་ཨའོ་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་སྒར་སར་འབྱོར་རྗེས་སྙན་ཞུ་ཉན་པ་དང་། ས་ཆ་དངོས་སུ་ཞིབ་བཤེར་བྱེད་པ། རྩིས་ཐོ་རེ་རེ་བཞིན་ཞིབ་བཤེར་བྱེད་པ། གོ་མཚོན་བཀོལ་སྤྱོད་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་ལིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་གོ་མཚོན་སྒྲིག་ཆས་ལ་ཞིབ་བཤེར་བྱས་པ་རེད།