མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་
ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་24ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
   ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་ཤུགས་ཆེན་མཆེད་པ་གཉིས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་ཤུགས་རྐྱེན་ཐེབས་ནས། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་དང་རྙོག་འཛིང་ཆེན་པོ་བྱུང་ཡོད། ཇི་ལྟར་བྱས་ཏེ་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་ཡང་དག་འདེབས་པ་དང་འཛམ་གླིང་གི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བར་སྨྱན་སྦྱོར་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས། ཚོགས་ཞུགས་སྐུ་མགྲོན་ཚོས་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་དཔྱད་བསྡུར་གཏིང་ཟབ་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ།
   དམངས་སེམས་གཅིག་མཐུན་ཁྱབ་སྤེལ་གཏོང་མཁན་དང་མི་ཆོས་རིག་གནས་སྤེལ་རེས་སྐུལ་སྤེལ་གཏོང་མཁན་ལ་ཧུར་ཐག་འགྱུར་བ་བྱེད་པ་བཅས་ཀྱི་ཐོག་ནས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་སྐབས་བཞི་པ་ཚེས་22ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“རིམས་ནད་ཀྱི་རྡབ་རྡེབ་འོག་གི་སྨྱན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས”ཞེས་པ་དེ་ཡིན་ཞིང་། ཤིན་ཧྭ་གསར་འགྱུར་ཁང་གིས་གཙོ་གཉེར་བྱས་པ་རེད།

  
style="display:none;"