༄༅།།མཚོ་སྔོན་རྨ་ལྷོ་ཁུལ་དུ་དྲག་ཆས་དཔོན་དམག་གྲོང་ཚོར་བསྐྱོད་ནས་འོས་འགན་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་བ།
གསར་འགྱུར་སྤེལ་དུས། 【2021ལོའི་ཟླ་ 11ཚེས་23ཉིན། 14:52】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཟླ་11ཚེས་15ཉིན་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་འཕྲལ་སྒྲུབ་ཉིང་ལག་རུ་ཁག་གི་སྨན་བཅོས་ཡན་ལག་རུ་ཆུང་ཞིག་གི་སྨན་པས་གྲོང་མིའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།
ཉེ་དུས་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་འཕྲལ་སྒྲུབ་ཉིང་ལག་རུ་ཁག་གི་སྨན་བཅོས་ཡན་ལག་རུ་ཆུང་ཞིག་གིས་གྲོང་གསེབ་དར་རྒྱས་ཀྱི་དམིགས་འཛུགས་རོགས་སྐྱོར་གྲོང་ཚོ་སྟེ། རྨ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་མགར་རྩེ་ཤང་བྱེ་ཆེན་གྲོང་ཚོར་བསྐྱོད་ནས་འོས་འགན་སྐོར་སྐྱོད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད། དཔོན་དམག་ཚོས་འཁྱེར་བདེའི་སྨན་བཅོས་ཡོ་ཆས་སྤྱད་དེ་གྲོང་མིའི་གཟུགས་པོར་བརྟག་དཔྱད་དང་དགུན་དུས་ཀྱི་རྒྱུན་སྤྱོད་སྨན་རྫས་གཤམ་སྤྲོད་བྱས་པས་བོད་རིགས་སྤུན་ཟླའི་དགའ་བསུ་ཆེན་པོ་ཐོབ་ཡོད།