འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་23ཉིན།

༄༅།།དུས་ཚིགས་གསུམ་པའི་དུས་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་52.43ཟིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་23ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་ཞིང་ཆེན་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་སྒུལ་ནུས་བསྣན་པ་རེད།
     ཁྲོམ་རའི་བྱེད་པོའི་སྤྱི་འབོར་རྒྱུན་མཐུད་འཕར་བ་དང་ཁེ་ལས་ཀྱི་ཐོ་འགོད་མ་རྩའི་བསྡུར་ཚད་འཕར་ཡོད། དུས་ཚིགས་གསུམ་པའི་དུས་མཇུག་བར་ཞིང་ཆེན་ཡོངས་ཀྱི་དངོས་ཡོད་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་52.43ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་9.12%འཕར་ཡོད། རིགས་ཁག་གི་བྱེད་པོའི་ཁྲོད་ཁེ་ལས་ཀྱི་གྲངས་འབོར་གྱིས་ཁྲོམ་རའི་བྱེད་པོའི་བསྡུར་གྲངས་24.63%ལས་བཟུང་མེད་ཀྱང་། ཐོ་འགོད་མ་དངུལ་གྱི་བསྡུར་གྲངས་94.53%ཟིན་པ་དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་འཛུགས་ཀྱི་རྣམ་པ་གཙོ་བོ་ཞིག་རེད།