འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་23ཉིན།

༄༅།།མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་རྒྱལ་ཁབ་གློག་དྲའི་ནང་མཐུད་འཇུག་བྱས་ཐུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་23ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་རྒྱལ་ཁབ་གློག་དྲའི་ནང་མཐུད་འཇུག་བྱས་ཐུབ་བྱུང་བ།
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་བོད་གཞུང་ལམ་109ལམ་སྐྱོང་ས་ཚིགས་དེ་རྒྱལ་ཁབ་གློག་དྲ་ཆེན་མོའི་ནང་དངོས་སུ་མཐུད་འཇུག་བྱས་ཐུབ་བྱུང་ནས་གློག་སྤྱོད་རྒྱུར་དཀའ་ངལ་ལྡན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ལམ་སྐྱོང་ས་ཚིགས་དེ་ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལའི་ལ་རོང་དང་ཐག་ཉེ་ལ།མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་ཀྱང་རེད། ལམ་སྐྱོང་ས་ཚིགས་དེའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8ཡིན་པ་དང་། ལོ་གཅིག་ནང་ཉིན་120ཡི་ནང་རིམ་པ་8ཡན་གྱི་རླུང་ཆེན་གཡུག་གི་ཡོད། དེ་གོང་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པས་ཉི་ནུས་སོགས་ཀྱི་ཐབས་ལ་བརྟེན་ནས་གློག་འདོན་དགོས་ཀྱི་ཡོད་པ་རེད།
༄༅།།མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་རྒྱལ་ཁབ་གློག་དྲའི་ནང་མཐུད་འཇུག་བྱས་ཐུབ་བྱུང་བ།
༄༅།།མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་རྒྱལ་ཁབ་གློག་དྲའི་ནང་མཐུད་འཇུག་བྱས་ཐུབ་བྱུང་བ།