འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་18ཉིན།

༄༅།།ཡུན་ནན་གྱིས་ལོ་མཇུག་གོང་སྲིད་དོན་ཞབས་ཞུའི་ཁྲོད་ཐོན་མང་བའི་དོན་ཚན“ཞིང་ཆེན་
ནང་ཁུལ་ཀུན་ནས་སྒྲུབ་པ”མངོན་འགྱུར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་18ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《སྲིད་དོན་ཞབས་ཞུ“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པ”ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་2021ལོའི་ལོ་མཇུག་གོང་སྲིད་དོན་ཞབས་ཞུའི་ཁྲོད་ཐོན་མང་བའི་དོན་ཚན“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པ”གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་སྲིད་དོན་ཞབས་ཞུའི་དོན་ཚན་གཅིག་མཚུངས་ཡིན་ཚེ་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནས་ཧེ་བག་མེད་པར་བདག་སྤྲོད་དང་ཚད་གཞི་གཅིག་མཚུངས་སྒོ་ནས་སྒྲུབ་གཉེར་ཐུབ་པ་བྱེད་དགོས་པ་གསལ་པོ་བཏོན་པ་རེད།
   “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་དོན་ཞབས་ཞུ“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པ”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད《བརྡ་ཐོའི》ནང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་གཞན་དག་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱི་གསང་བ་དང་བདེ་འཇགས་སོགས་ཀྱི་དོན་ཚན་དང་འབྲེལ་བ་ཡོད་པ་ཕུད་2021ལོའི་ལོ་མཇུག་གོང་སྲིད་དོན་ཞབས་ཞུའི་ཁྲོད་ཐོན་མང་བའི་དོན་ཚན“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པ”གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ་དང་2022ལོའི་ལོ་མཇུག་གོང་སྲིད་དོན་ཞབས་ཞུའི་རྣམ་གྲངས་དེ་བས་མང་བ“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པར”སྐུལ་འདེད་བཏང་སྟེ་སྲིད་དོན་ཞབས་ཞུའི་དོན་ཚན་གཅིག་མཚུངས་ཡིན་ཚེ་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ཧེ་བག་མེད་པར་བདག་སྤྲོད་དང་ཚད་གཞི་གཅིག་མཚུངས་སྒོ་ནས་སྒྲུབ་གཉེར་ཐུབ་པ་བྱས་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཡུལ་གཞན་དུ་ལས་སྒྲུབ་དགོས་མཁོ་ནུས་ལྡན་ངང་སྐོང་དགོས། རྒྱལ་ཁབ་ཀྱིས་བླང་བྱ་བཏོན་པའི“ཞིང་ཆེན་སྒྲོལ་བའི་ཀུན་སྒྲུབ”དོན་ཚན་དང་ལྷོ་ནུབ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ལྔ་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ས་ཁོངས་ཧྲིལ་པོའི་ཞིང་ཆེན(རང་སྐྱོང་ལྗོངས)9ཡི་ཀུན་སྒྲུབ་དོན་ཚན་ཚང་མ“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པ”ཡི་ནང་འཇུག་དགོས་པ་གསལ་པོ་བཟོས་ཡོད།
    ཁོངས་གཏོགས་ཁུལ་གྱི“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པའི”སྐར་ཁུང་གིས་ཞིབ་མཆན་ཞབས་ཞུའི་ལས་དོན་མཐུན་སྦྱོར་ངང་སྤེལ་འགན་འཁུར་སྟེ་སྒྲུབ་ཚུལ་དུས་ཐོག་ཏུ་བསྐུར་ཡུལ་གྱི“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པའི”སྐར་ཁུང་དང་རེ་ཞུ་བར་ཚུར་ལན་བྱེད་པ་དང་ཞིབ་མཆན་འབྲས་བུ་དེ་དག་སྦྲག་བསྐུར་རམ་དྲ་རྒྱ་སོགས་རྣམ་པའི་ཐོག་ནས་རེ་ཞུ་བར་བསྐུར་བའམ་ཡང་ན་བསྐུར་ཡུལ་གྱི“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པའི”སྐར་ཁུང་བརྒྱུད་རེ་ཞུ་བར་སྐྱེལ་རྒྱུ་རེད། ཆ་རྐྱེན་ཡོད་པའི་ཀྲོའུ་དང་གྲོང་ཁྱེར་གྱིས“ཞིང་ཆེན་ནང་ཁུལ་ཀུན་ནས་སྒྲུབ་པའི”ཞབས་ཞུ་དེ་ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོར(སྡེ་ཁུལ)སྣུར་སྲིང་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་རེད།