འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་17ཉིན།

༄༅།།སློབ་འབྲིང་སློབ་མ་ཞིག་ཆིང་ཧྭ་སློབ་ཆེན་དུ་འོས་སྐྱེལ་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་17ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སློབ་འབྲིང་སློབ་མ་ཞིག་ཆིང་ཧྭ་སློབ་ཆེན་དུ་འོས་སྐྱེལ་བྱས།
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། གསར་འགོད་པས་ཁྲུང་ཆིང་པཱ་ཧྲུའུ་སློབ་འབྲིང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། 2022ལོའི་ཆིང་ཧྭ་སློབ་ཆེན་ཆིའུ་ཁྲེང་ཐུང་གྲངས་རིག་ཚན་རིག་གི་སྣེ་ཁྲིད་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི(གཤམ་དུ“ཆིང་ཧྭ་གྲངས་རིག་སྣེ་ཁྲིད་འཆར་གཞི”ཞེས་བསྡུ་རྒྱུ)ཡི་ཁག་དང་པོའི་ནང་ཚུད་མི་50ཙམ་གཏན་འཁེལ་བྱས་ཟིན་པ་རེད། པཱ་ཧྲུའུ་སློབ་འབྲིང་གི་སློབ་རིམ་གསུམ་པའི་སློབ་མ་ཧྥུའུ་ཅུན་ཉིང་ནི་མིག་སྔར་2022ལོའི་ཆིང་ཧྭའི་གྲངས་རིག་སྣེ་ཁྲིད་འཆར་གཞིའི་ནང་ཚུད་གཏན་འཁེལ་བྱུང་བའི་པཱ་ཧྲུའུ་སློབ་འབྲིང་གི་སློབ་མ་6ཁྲོད་ཀྱི་ལོ་ན་ཆུང་ཤོས་ཀྱི་སློབ་མ་དེ་རེད། དམའ་རིམ་སློབ་འབྲིང་གི་སློབ་རིམ་གསུམ་པ་མཇུག་འགྲིལ་རྗེས། ཐད་ཀར་ཆིང་ཧྭ་སློབ་ཆེན་གྱི་བདེན་འཚོལ་དཔེ་ཁང་དུ་འོས་མངག་བྱས་ནས་དངོས་གཞི་དང་རབ་འབྱམས། འབུམ་རམས་བཅས་ཀྱི་སློབ་གནས་སྦྱངས་བརྩོན་བྱེད་པའི་རྒྱུན་མཐུད་གསོ་སྐྱོང་བྱ་རྒྱུ་རེད། ཁོང་ནི་ཁྲུང་ཆིང་ལོ་རྒྱུས་ཐོག་དམའ་རིམ་སློབ་འབྲིང་གི་སློབ་རིམ་གསུམ་པའི་སློབ་མ་ཐད་ཀར་ཆིང་ཧྭར་སླེབས་ཐུབ་མཁན་ཐོག་མ་དེའང་རེད།  
   2021ལོའི་སྐབས་དང་པོའི་ཆིང་ཧྭའི་གྲངས་རིག་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་། པཱ་ཧྲུའུ་སློབ་འབྲིང་གི་སློབ་མར་ལོ་གཉིས་བསྟུད་མར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད། ན་ནིང་པཱ་ཧྲུའུ་སློབ་འབྲིང་གི་སློབ་མ་6ཆིང་ཧྭ་གྲངས་རིག་གི་སྣེ་ཁྲིད་འཆར་གཞིའི་ནང་བསྡུས་པ་དང་། སློབ་མ1ཆིང་ཧྭ་གྲངས་རིག་མཁས་པའི་འཛིན་གྲྭར་བསྡུས་ཡོད་ཅིང་། སློབ་བསྡུའི་མི་གྲངས་ཐད་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར། ད་ལོ་པཱ་ཧྲུའུ་སློབ་འབྲིང་གི་སློབ་མ་6སླར་ཡང་ཆིང་ཧྭ་གྲངས་རིག་གི་སྣེ་ཁྲིད་འཆར་གཞིའི་ནང་ཚུད་པ་གཏན་འཁེལ་བྱུང་བ་དང་། ད་དུང་སློབ་མ་3སློབ་བསྡུའི་གཏན་འཁེལ་བྱ་རྒྱུར་སྒུག་སྡོད་ཡོད་པ་རེད།
༄༅།།སློབ་འབྲིང་སློབ་མ་ཞིག་ཆིང་ཧྭ་སློབ་ཆེན་དུ་འོས་སྐྱེལ་བྱས།