འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་12ཉིན།

༄༅།།མིའི་ཐབས་ཀྱིས་གསོ་ཚགས་བྱས་པའི་སྤྲེའུ་རྐང་ནག་རྐུབ་དཀར། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་12ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མིའི་ཐབས་ཀྱིས་གསོ་ཚགས་བྱས་པའི་སྤྲེའུ་རྐང་ནག་རྐུབ་དཀར།
   ཉིན་དེར་རྒྱལ་ནང་གི་མིའི་ཐབས་ལ་བརྟེན་ནས་གསོ་ཚགས་བྱས་པའི་སྤྲེའུ་ཕྲུག་རྐང་ནག་རྐུབ་དཀར་དེ་ཀོང་ཀྲོའུ་ཁྲང་ལུང་བློ་ལྡན་སྲོགས་ཆགས་ཞིབ་འཇུག་ལྟེ་གནས་སུ་ལྟ་སྐོར་བ་དང་ཐུག་འཕྲད་བྱས། སྤྲེའུ་ཕྲུག་དེ་ནི་ད་ལོའི་ཟླ་7པར་སྐྱེས། སྤྲེའུ་ཕྲུག་རྐང་ནག་རྐུབ་དཀར་འདི་རིགས་གསོན་ཚད་ཅུང་ཉུང་བས། རྒྱལ་ནང་དུ་འབྲེལ་ཡོད་ཞིབ་འཇུག་དང་ལེགས་གྲུབ་བྱུང་བའི་དངོས་དཔེ་ཧ་ཅང་ཉུང་། སྤྲེའུ་ཕྲུག་བདེ་བླག་ངང་གསོན་ཐུབ་པར་འགན་སྲུང་བྱེད་ཆེད། ཞིབ་འཇུག་ལྟེ་གནས་ཀྱི་འཚོ་སྐྱོང་བས་ཟས་གཤིས་དང་འདྲ་བའི་སྤྲེལ་སྤུ་སེར་གསོ་བའི་ཉམས་མྱོང་དཔྱད་གཞིར་འཛིན་ནས། སྤྲེའུ་ཕྲུག་རྐང་ནག་རྐུབ་དཀར་གྱི་དམིགས་བསལ་གྱི་ལུས་ཁམས་གྲུབ་ཚུལ་དང་ཟས་འཇུ་ཐབས་ལ་དམིགས་ནས། སྤྲེའུ་ཕྲུག་འདི་ཚན་རིག་དང་མཐུན་པར་གསོ་སྐྱོང་བྱེད་པའི་ལམ་བུ་ཞིག་འཚོལ་ཞིབ་བྱུང་ཡོད། 
   སྤྲེའུ་ཕྲུག་རྐང་ནག་རྐུབ་དཀར་དེ་རིགས་འཛམ་གླིང་ཐོག་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་འཛམ་གླིང་ཐོག་སྟོངས་ལ་ཉེ་བའི་སྲོག་ཆགས་གྲས་སུ་བཅུག་པ་དང་། བདག་ཏུ་མ་བཟུང་བའི་གྲངས་འབོར་1000ཙམ་ཟིན་གྱི་མེད་ཅིང་། རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་དེའི་གྲངས་འབོར་སླར་གསོ་མི་ཐུབ་པར་གྱུར་ཡོད། མི་ཐབས་ལ་བརྟེན་ནས་ཐེ་ཇུས་བྱས་པ་བརྒྱུད། དེའི་གྲངས་འབོར་མང་དུ་གཏོང་རྒྱུ་དེ་ནི་མིག་སྔའི་བལྟོས་བཅས་ཀྱི་ནུས་ལྡན་བྱ་ཐབས་ཀྱི་གྲས་ཤིག་རེད།
༄༅།།མིའི་ཐབས་ཀྱིས་གསོ་ཚགས་བྱས་པའི་སྤྲེའུ་རྐང་ནག་རྐུབ་དཀར།