འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་8ཉིན།

༄༅།།དབུལ་ཕོངས་སེལ་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ཐད་
ཀྲུང་གོས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

—— མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ལག་བསྟར་གྱི་དྲུང་ཆེ་ཨ་ལི་སི་ཤ་པ་ནར་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་08ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན(ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས)གྱི་ལག་བསྟར་དྲུང་ཆེ་ཨ་ལི་སི་ཤ་པ་ན་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས། དབུལ་ཕོངས་སེལ་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ཐད་ཀྲུང་གོས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བརྗོད།
     འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་ལོ་རེད། ཨ་ལི་སི་ཤ་པ་ན་ཡིས་ཀྲུང་གོས་བདེ་བླག་ངང་དབུལ་པོ་དབུལ་ནག་བསལ་ལ། མངའ་ཁོངས་ཕྱིའི་རྡོ་སོལ་གྱི་གློག་གི་རྣམ་གྲངས་གསར་སྐྲུན་བྱ་རྒྱུ་མིན་པ་དང་2060ལོའི་གོང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། བྱེད་ཐབས་དང་ཁས་ལེན་འདི་དག་གིས་རྒྱལ་སྤྱིའི་ལས་སྟེགས་ཐོག་གི་ཀྲུང་གོའི་ནུས་པ་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པར་བྱས་ཡོད་ཅེས་བརྗོད།
     ཨ་ལི་སི་ཤ་པ་ན་ཡིས་བདེ་འཇགས་དང་ཞི་བདེ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡོད་ཅེས་ནན་བཤད་བྱས་པ་རེད།
     ཨ་ལི་སི་ཤ་པ་ན་ཡིས་དབུལ་པོ་ཉུང་གཏོང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་གྲས་ཤིག་ཡིན་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གཙོ་གནད་དོ་ཁུར་བྱ་ཡུལ་ཞིག་ཀྱང་ཡིན། དབུལ་ཕོངས་སེལ་བའི་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ“བསྔགས་བརྗོད་བྱེད་རིན་ཡོད”ཅིང་། དེས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་འགྲུབ་པའི་འཕེལ་རིམ་ལ་སྐུལ་འདེད་མངོན་གསལ་དོད་པོ་ཐེབས་པ་མ་ཟད། རྒྱལ་ཁབ་གཞན་ལའང་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བརྗོད།