འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་8ཉིན།

༄༅།།དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་08ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཅུན་དང་ལི་ལུང་དབྱིས།
   2021ལོའི་ཟླ་7ཚེས་1ཉིན། ཀྲུང་ཧྭའི་ས་གཞི་ཆེན་མོར་དབྱར་མཚོ་རྒྱས་ཤིང་འཕེལ་རྒྱས་ཀྱི་རྣམ་པ་སྣ་ཚོགས་མངོན་པ་དང་། རྒྱལ་ས་པེ་ཅིང་དུ་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་ཞིང་དར་ཆ་སྣ་མང་ལྷབ་ལྷུབ་ཏུ་གཡོ།
   ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བཏོད་ནས། དེ་བས་ཆེ་བའི་འཇོན་ཐང་དང་དེ་བས་བློས་འགེལ་ཆོག་པའི་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་དང་བཀའ་རྒྱ་ལས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་རྒྱུའི་ཐད་སླར་ཡང་བླང་བྱ་གསལ་པོ་བཏོན་ནས། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་དམངས་དམག་དཔུང་གིས་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་མིག་བལྟས་ཚེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་པ་དང་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པར་དམིགས་ཏེ་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་འཐབ་ཇུས་གལ་ཆེན་དང་ཐབས་ཇུས་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་གཏོང་བ་བཅས་གནང་སྟེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྣེ་འཁྲིད་ནས་འགག་རྩའི་དུས་སུ་འགག་རྩར་ཐུག་པའི་གདམ་ག་གནང་བ་སྟེ།
   —— དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་བཏོན་ནས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ།
   —— ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།
   —— ཆབ་སྲིད་ལས་དོན་གྱི་སྲོག་རྩ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་ནུས་སྐྱོང་ཐུབ་པ་དང་སྤྱོད་ཐུབ་པར་སྐུལ་འདེད་གཏོང་བ་ལ་སོགས།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བའི་ཐད་འཐབ་ཇུས་ཀྱི་འཆར་འགོད་དང་བཀོད་སྒྲིག་རབ་དང་རིམ་པ་གནང་ཞིང་། དམག་ཡོངས་ལ་སྣེ་ཁྲིད་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་པ། མི་དམངས་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྣེ་ཁྲིད་དེ་ཟིལ་རླབས་དགུང་དུ་འཕྱུར་བའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་གྱི་ཁྲོད་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་གནང་བཞིན་ཡོད།
    དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་ལ་རྒྱང་ལྟ་བྱས་ཚེ། ལོ་4ཡི་གོང་གི་ཀྲུའུ་རི་ཧོར་དམག་འཐབ་གནམ་གྲུའི་འུར་སྒྲ་དང་། དམག་དཔུང་ཧྲག་པོའི་རྔམ་བརྗིད། དར་ཆ་སྣ་མང་ལྷབ་ལྷུབ་ཏུ་གཡོ་བ་བཅས་ང་ཚོས་སླར་ཡང་དྲན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་བློ་རྩ་བརྟན་ལ་ཤུགས་དང་ལྡན་ཞིང་འཛམ་གླིང་ཡོངས་སུ་གྲགས་པ་སྟེ“རང་རེའི་དཔའ་བོའི་དམག་དཔུང་ལ་ཚུར་རྒོལ་དགྲ་བོ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་པ་དང་། རང་རེའི་དཔའ་བོའི་དམག་དཔུང་ལ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་པ། རང་རེའི་དཔའ་བོའི་དམག་དཔུང་ལ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ཐད་ལེའུ་གསར་པ་རྩོམ་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་པས‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་གསུངས།