འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་3ཉིན།

༄༅།།སྟོན་དུས་ཀྱི་ཡུན་ནན་པད་མ་གངས་རིའི་མཛེས་ལྗོངས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྟོན་དུས་ཀྱི་ཡུན་ནན་པད་མ་གངས་རིའི་མཛེས་ལྗོངས།
     མི་དམངས་དྲ་བའི་འཕྲིན། སྟོན་དུས་སུ་ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་སྐབས་རི་མཐོའི་ཁབ་ལོའི་ནགས་ཚལ་གསེར་མདོག་གྱུར་ཞིང་། ལོ་འཁོར་མོར་མི་ཞུ་བའི་རི་སྟེང་གི་ཁ་བ་ཉི་འོད་འོག་དེ་བས་མཛེས་སྡུག་ལྡན་པར་གྱུར། 
     པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དང་འབའ་ལུང་རྫོང་གཉིས་ཀྱི་ས་ཁོངས་སུ་གནས་པ་དང་དེ་ནི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་ལྡན་པའི་ས་ཁུལ་35ཡི་གྲས་ཤིག་རེད། སྲུང་སྐྱོབ་ཁུལ་དུ་མཐོ་རིམ་རྩི་ཤིང་རིགས་1700ལྷག་དང། འོ་འཐུང་སྲོག་ཆགས་རིགས་100ལྷག འདབ་ཆགས་རིགས་370ལྷག་ཡོད་པས། རང་བྱུང་སྐྱེ་ཁམས་ཁོར་ཡུག་རྙོག་འཛིང་ཆེ་བ་དང་། སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། སྔོ་ཁེབས་རིགས་མང་བ། དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས་མང་པོ་ཡོད། དེ་ནི“དུས་རབས་གསུམ་པའི་གནའ་བོའི་ཚ་ཁུལ་གྱི་སྐྱེ་དངོས་ཁུལ་གྱི་ཉེན་གཡོལ་ཁང”ཡིན་ལ“བྱང་དྲོད་ཁུལ་གྱི་སྐྱེ་དངོས་མ་ལག་གི་འབྱུང་གནས”དེ་བས་ཡིན་པས་དེར“འཛམ་གླིང་གི་མེ་ཏོག་ལྡུམ་རའི་མ་གནས”ཞེས་བརྗོད་ཀྱི་ཡོད། དེ་ནི་ཡུན་ནན་གྱི་སྤྲེལ་ཁྲའི་ཁྱུ་ཚོགས་ཁྱབ་ཚུལ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་ཡུན་ནན་སྤྲེལ་སྤུ་སེར་སྲུང་སྐྱོང་ཁུལ་ཆེ་ཤོས་ཤིག་ཀྱང་ཡིན་པས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་དེར་རྒྱལ་སྤྱིའི་སྲུང་སྐྱོང་གི་དོན་སྙིང་ལྡན་ཡོད།
【1】  【2】
༄༅།།སྟོན་དུས་ཀྱི་ཡུན་ནན་པད་མ་གངས་རིའི་མཛེས་ལྗོངས།