འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་2ཉིན།

༄༅།།ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱ་རྒྱུ་
འགན་ལེན་བྱེད་དགོས།

—— བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་ བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པའི་སྐོར་གྱི་དཔྱད་གླེང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་02ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཝེ་ཐའོ་དང་ཝུའུ་ཁྲུའུ་ཆི།
   “གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད། གུང་ཁྲན་ཏང་གིས་མི་རིགས་ཆེད་དཀའ་ལས་བརྒྱབ། གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་ཀྲུང་གོ་བསྐྱབས”ཞེས་ཀྲུང་ཧྭའི་བུ་ཕྲུག་ཚོས་སེམས་དབུས་ཀྱི་གླུ་གཞས་འདི་ལེན་བཞིན་ཀྲུང་གོ་གསར་པ་བསུས་པ་དང་། དུས་སྐབས་གསར་པར་བསྐྱོད་པ། དུས་རབས་གསར་པ་བརྒལ་བ་བཅས་བྱས་ཡོད།
   “ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡང་མེད”ཅེས་འདི་ལོའི་ཟླ་7ཚེས་1ཉིན་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་སྐད་མཐོན་པོས་ཁྱབ་བསྒྲགས་གནང་བ་དེ་ནི་ལོ་རྒྱུས་ཀྱི་ཆོད་སྡོམ་གལ་ཆེ་ཤོས་ཡིན་ལ། ལེགས་གྲུབ་ཀྱི་ཉམས་མྱོང་རྩ་ཆེ་ཤོས་དེའང་རེད།
   ལོ་བརྒྱ་ཡི་རིང་དཀའ་སྡུག་སྣ་ཚོགས་ཁྱད་བསད་དང་ལོ་བརྒྱ་ཡི་རིང་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། ལོ་རྒྱུས་དང་དོན་དངོས་དང་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་པས། ཀྲུང་ཧྭ་མི་རིགས་གཞི་ནས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་དང་གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་པ་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་འཆར་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བས་དུས་རབས་གསར་པའི་ཏང་གི་འགོ་ཁྲིད་ལ་མཛུབ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། ཏང་གིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་འཆར་འགོད། སྲིད་ཇུས་བཟོ་བ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་དང་ངེས་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ། ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་རྩ་བའི་འགན་ལེན་མཁོ་འདོན་གནང་ཡོད། ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསོན་ཉམས་དོད་པའི་ལག་ལེན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བས་ཏང་གི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་འཚོ་བ་རྩ་བ་ནས་ལེགས་སུ་སོང་བ། ཏང་སྲོལ་དང་སྲིད་སྲོལ་ཇེ་ལེགས་སུ་ཕྱིན་པ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་བ།
   གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་ཏང་དེ་བས་འགྱུར་མེད་སྟོབས་ལྡན་དུ་གྱུར་ཡོད་ལ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་དེ་བས་གདེང་ཚོད་དང་ཡིད་ཆེས་ཀྱིས་ཁེངས་པར་གྱུར་ཡོད།
   ཀྲུང་གོའི་ངོ་མཚར་བཏོད་པའི་ལྟེ་བའི་ཐབས་ལམ་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པ་དེ་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་བྱུང་ཡོད། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ཚེ་ང་ཚོས“མུ་མཐུད་ནས་མིའི་རིགས་ཀྱི་རླབས་ཆེན་གྱི་དུས་ཚོད་དང་ལོ་རྒྱུས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་ལོ་རྒྱུས་དང་དུས་ཚོད་གཏོད་ཐུབ་པ”ལོ་རྒྱུས་ཐོག་ནས་ར་སྤྲོད་བྱེད་ངེས་རེད།
   ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་ཡོལ་བ་ཆེ་མོ་ཕྱེ་ཟིན་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུར་གཡོ་འགུལ་མི་གཏོང་བར་མཚམས་མེད་རྒྱུན་སྒྲུབ་ཀྱི་སྙིང་རུས་བཅངས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས་ན། ཏང་འཛུགས་སྐྱོང་དེ་བས་འགྱུར་མེད་སྟོབས་ལྡན་དང་ལེགས་ཆ་ཆེ་ཤོས་ཡིན་པའི་ཏང་གི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་ཐུབ་ངེས་རེད།