འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་28ཉིན།

༄༅།།འབྲི་ཆུའི་ཟུར་གསུམ་གླིང་གི་གྲོང་མིའི་ཐོབ་ཐང་ལག་ཁྱེར“ཞིང་སྒྲོལ་སྒྲུབ་གཉེར”ཐོག་མར་མངོན་འགྱུར་
བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་28ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ནས་བཟུང་། འབྲི་ཆུའི་ཟུར་གསུམ་གླིང་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་མིའི་ཐོབ་ཐང་ལག་ཁྱེར“ཞིང་སྒྲོལ་སྒྲུབ་གཉེར”ཐོག་མ་བྱེད་པའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་བ་རེད།
   ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱི་གྲོང་མིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐོག་མར་རེ་ཞུ་བྱེད་པར། གྲོང་མིས་ཧྲང་ཧའེ་གྲོང་ཁྱེར་ཡོངས་དང་དེ་བཞིན་ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱི་ཚོད་ལྟའི་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་སའི་སྐར་ཁུང་ནས་སྒྲུབ་གཉེར་བྱེད་ཆོག སྲིད་ཇུས་གསར་པ་ཁྱབ་གདལ་བཏང་རྗེས་ཐེམ་ཁུངས་འབྲི་ཆུའི་ཟུར་གསུམ་ཁུལ་ནས་ཡིན་པའི་གྲོང་མི་ཚོ་གཞན་ཡུལ་དུ་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ལ་ཧ་ཅང་སྟབས་བདེ་བསྐྲུན་རྒྱུ་རེད།
    2021ལོ་ནས་བཟུང་། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ས་ཁུལ་བཞིའི་སྤྱི་བདེ་ལས་ཁུངས་ཀྱིས་འབྲི་ཆུའི་ཟུར་གསུམ་ཁུལ་དུ་ཐེམ་ཐོའི་རིགས་ཀྱི་ལག་ཁྱེར་གཉེར་བ་དང་། ལས་གནས་སྒྱུར་སྐབས་ཐེམ་ཐོའི་འགྲོ་ལུགས་གཉེར་བ། བཟའ་ཚང་གི་ཐེམ་ཐོ་བསྒྱུར་བ་སོགས་ཀྱི་ལས་སྒོ་མང་པོ་གཅིག་འཐུས་རྣམ་པའི་སྒོ་ནས“ཞིང་སྒྲོལ་སྒྲུབ་གཉེར”བྱེད་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད། འབྲི་ཆུའི་ཟུར་གསུམ་ཁུལ་དུ་རིམ་རྩིས་བྱས་ན། “ཞིང་སྒྲོལ་སྒྲུབ་གཉེར”གྱི་ལས་སྒོ་ཁྲི་30ཙམ་གཉེར་བས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཧ་ཅང་ཆེ་རུ་ཕྱིན་ཡོད།