འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།འཕེན་བཏང་ལེགས་འགྲུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཕེན་བཏང་ལེགས་འགྲུབ་བྱུང་བ།
   པེ་ཅིང་དུས་ཚོད་2021ལོའི་ཟླ་10ཚེས་24ཉིན་གྱི་ཆུ་ཚོད་9དང་སྐར་མ་27ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། ལག་ལེན་སྲུང་སྐར་ཨང་ཉེར་གཅིག་པ་བདེ་བླག་ངང་འཕེན་ཐུབ་བྱུང་བ་རེད། སྲུང་སྐར་དེ་སྔོན་བཀོད་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་ནས། འཕེན་གཏོང་ལས་འགན་ཡོངས་ལེགས་གྲུབ་བྱུང་ཡོད། ལག་ལེན་སྲུང་སྐར་ཉེར་གཅིག་པ་ནི་གཙོ་བོ་བར་སྟོང་ཧྲུག་ལྷེག་དལ་གཏོང་ལག་རྩལ་ཚོད་ལྟ་ར་སྤྲོད་ལ་སྤྱོད་རྒྱུ་རེད།
༄༅།།འཕེན་བཏང་ལེགས་འགྲུབ་བྱུང་བ།