འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།ཕྱི་འབྲེལ་པུའུ་ཡིས་དེའི་ཐད་ལན་བསློགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕྱི་འབྲེལ་པུའུ་ཡིས་དེའི་ཐད་ལན་བསློགས།
    མི་དམངས་དྲ་བའི་འཕྲིན། ཨ་རིའི་འགོ་ཁྲིད་ཀྱིས་ཉིན་ཤས་གོང་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གཏམ་བཤད་བརྗོད་པར་དམིགས་ནས། ཟླ་10ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཐའེ་ཝན་ནི་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཤིང་། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཤ་སྟག་ཡིན་པས། ཕྱི་ཕྱོགས་གང་ཞིག་གིས་ཇུས་གཏོགས་བྱེད་མི་རུང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་འོས་མེད་འགྲིག་ཐབས་དང་ཟུར་བཤིས་ཀྱི་བསམ་བློ་གཏོང་ས་གཏན་ནས་མེད་ཅེས་བསྟན། 
    “ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་རྩ་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་སུ་ཞིག་གིས་ཀྱང་སྣང་ཆུང་བྱེད་མི་རུང་། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་འགལ་ཟླའི་ཕྱོགས་སུ་ལངས་མི་རུང་།”ཝང་ཝུན་པིན་གྱིས། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། ཐའེ་ཝན་གྱི་གནད་དོན་ཐད་གཏམ་སྤྱོད་གཟབ་ནན་བྱེད་དགོས་པ། “ཐའེ་ཝན་རང་བཙན”ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གང་ཡང་མི་གཏོང་བར། ཀྲུང་ཨའི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་མི་ཡོང་བ་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།