འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་
མི་ཐེངས་ཁྲི་3688ལྷག་ཙམ་ལ་སྣེ་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3688.71ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.2%འཕར་བ་དང་2019ལོའི་དུས་མཚུངས་ལས་0.7%ཆག་ཡོད།
    ཡུལ་སྐོར་བར་སྣེ་ལེན་ཞུས་པའི་ཁྲོད། མངའ་ཁོངས་ནང་དུ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་6181ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་164.9%འཕར་བ་དང་2019ལོའི་དུས་མཚུངས་ལས་98.3%ཆག་ཡོད། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3688.09ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.2%འཕར་བ་དང་2019ལོའི་དུས་མཚུངས་ལས་0.3%འཕར་ཡོད།
    ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་424.04(མི་དམངས་ཤོག་སྒོར། གཤམ་དུ་གཅིག་མཚུངས་ཡིན)བྱུང་བ་དེ་དུས་མཚུངས་ལས་26.6%འཕར་བ་དང་2019ལོའི་དུས་མཚུངས་ལས་20.1%ཆག་ཡོད། དེའི་ཁྲོད་ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི་368ཟིན་པ་དེ་དུས་མཚུངས་ལས་43.0%འཕར་བ་དང་2019ལོའི་དུས་མཚུངས་ལས་98.4%ཆག་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་423.79ཟིན་པ་དེ་དུས་མཚུངས་ལས་26.6%འཕར་བ་དང་2019ལོའི་དུས་མཚུངས་ལས་17.8%ཆག་ཡོད།