འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་21ཉིན།

༄༅།།དོ་ནུབ། སྐར་མ་དུ་བ་མཇུག་རིང་མཐོང་ཐུབ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་21ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དོ་ནུབ། སྐར་མ་དུ་བ་མཇུག་རིང་མཐོང་ཐུབ།
    མི་དམངས་དྲ་བའི་འཕྲིན། གནམ་རིག་ཚན་རིག་ཁྱབ་གདལ་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐར་མ་དུ་བ་མཇུག་རིང་གི་“ལག་རྟགས”ཏེ། རྔོན་པའི་སྐར་ཚོམ་སྐར་ཞོགས་ཟླ་10ཚེས་21ཉིན་ཧ་ཅང་མངོན་གསལ་གྱིས་མཐོང་རྒྱུ་རེད། ཆེས་ཆེ་བའི་སྐབས་ZHR(ལྟ་འཇལ་གྱི་ཆ་རྐྱེན་ཆེས་ལེགས་པའི་འོག འགྱེད་འཕྲོ་གནས་མགོ་ཐོག་ཏག་ཏག་ལ་འཁེལ་དུས་ཆུ་ཚོད་རེར་མཐོང་ཐུབ་པའི་སྐར་མདའི་ཁ་གྲངས)སྐར་མ་20ཙམ་རེད། 
   རྔོན་པའི་སྐར་ཚོམ་སྐར་ཞོགས་ནི་ལོ་ལྟར་གཏན་འཇགས་ངང་འབྱུང་བའི་སྐར་མདའ་ཆུང་འབྲིང་ཡིན་པ་རེད། དེའི་མ་གཟུགས་ནི་སྐར་མ་དུ་བ་མཇུག་རིང་རེད། འདི་ནི་མིའི་རིགས་ཀྱིས་ཟིན་ཐོར་བཀོད་པའི་དུས་འཁོར་གྱི་སྐར་མ་དུ་བ་མཇུག་རིང་དང་པོ་ཡིན་ཞིང་། ལོ་76ཡས་མས་ལ་ཉི་མར་བསྐོར་བ་ཐེངས་གཅིག་རྒྱག་པ་རེད། 
   སྐར་མ་དུ་བ་མཇུག་རིང་ཐེངས་སྔོན་མར་ཕྱིར་ལོག་དུས་ནི་ 1986ལོ་རེད། ཐེངས་རྗེས་མའི་ཕྱིར་ལོག་དུས་ཚོད་ནི་2061ལོ་རེད།
   གནམ་རིག་སྔོན་བརྡའི་ནང་ད་ལོའི་རྔོན་པའི་སྐར་ཚོམ་སྐར་ཞོགས་ཆེ་བའི་དུས་སྐབས་ནི་ཟླ་10ཚེས་21ཉིན་གྱི་ཆུ་ཚོད་20ཙམ་ལ་ཡིན་པ་དང་། ཆུ་ཚོད་རེ་ལ་སྐར་མདའ་20ཙམ་ཤར་ཕྱོགས་སུ་རྒྱུ་བ་མཐོང་ཐུབ། 
    “དུས་མཚམས་འདིར་སྐར་ཞོགས་ཀྱི་འགྱེད་འཕྲོའི་ས་ཚིགས་ད་དུང་ཤར་མེད། གཞན་ཡང་། ཚེས་21ཉིན་ནི་ལུགས་རྙིང་ལོ་ཐོའི་ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་ཡིན་པས། ཟླ་བས་ལྟ་ཞིབ་ཚད་ལེན་ལ་ཤུགས་རྐྱེན་ཐེབས་སྲིད། ཕྱོགས་བསྡུས་བསམ་གཞིག་བྱས་ན། ད་ལོའི་རྔོན་པའི་སྐར་ཚོམ་སྐར་ཞོགས་ལྟ་ཞིབ་ཚད་ལེན་གྱི་ཆ་རྐྱེན་དེ་ཙམ་ཡག་པོ་མེད། ལྟ་ཞིབ་ཚད་ལེན་གྱི་ཆ་རྐྱེན་ཧ་ཅང་ལེགས་པའི་རི་ཁུལ་ཡིན་ནའང་ཆུ་ཚོད་རེར་སྐར་མ་10ཙམ་མཐོང་ཐུབ་ན་ཡག་ཤོས་རེད་”ཅེས་ཐེན་ཅིན་གྲོང་ཁྱེར་གནམ་རིག་སློབ་ཚོགས་ཀྱི་ལས་འཛིན་དང་གནམ་རིག་ཚན་རིག་ཁྱབ་གདལ་གྱི་རིགས་གཅིག་མཁས་ཅན་ཞུའུ་ལི་ཕུན་གྱིས་བཤད། 
༄༅།།དོ་ནུབ། སྐར་མ་དུ་བ་མཇུག་རིང་མཐོང་ཐུབ།