འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་21ཉིན།

༄༅།།ཆབ་མདོའི་ལས་བྱེད་པ་ཞིག་འཛིན་བཟུང་བྱ་རྒྱུའི་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་21ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་འཛུགས་སྐྲུན་རྩད་ཞིབ་ཇུས་འགོད་གླིང་གི་དེ་སྔའི་འགོ་འཛིན་ཀྲང་ཁྲེང་གིས་ལྐོག་ཟ་དང་། ལྐོག་རྔན་ལེན་པ། ལྐོག་རྔན་སྤྲོད་པ་བཅས་བྱས་པའི་དོགས་གནས་གྱོད་གཞི་དེ་ཆབ་མདོ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བདག་ཁོངས་གཏན་འཁེལ་བྱས་པ་བརྒྱུད། གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉེ་ཆར། གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་ཟའི་ཉེས་གསོག་དང་། ལྐོག་རྔན་ལེན་པའི་ཉེས་གསོག ལྐོག་རྔན་སྤྲོད་པའི་ཉེས་གསོག་བཅས་ཀྱི་དོགས་གནད་ཡོད་པའི་ཐོག་ནས་ཀྲང་ཁྲེང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་འདི་སྒྲུབ་བཞིན་པའི་སྒང་རེད།