འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་21ཉིན།

༄༅།།ཀན་སུའུ་འབྲུག་ཆུར་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་21ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་10ཚེས་13ཉིན་འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་ཐུའུ་ཆའོ་ཙེ་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡོན་ཤུས་ཧུའེ(གཡོན)དང་ལས་དོན་མི་སྣས་གྲོང་མི་ཡའོ་ཅུན་ཝུན(དཀྱིལ)ལ་ལས་དོན་སྒྲུབ་རོགས་བྱེད་བཞིན་པ།

    གྲོང་གསེབ་ཕྱུག་པོ་ཆགས་མིན་གྱི་འགག་རྩ་ནི་ཀྲི་པུའུ་ལ་ཐུག་ཡོད། ད་ཕན་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་བྱས་པ་རེད། རྫོང་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱ་གཞིར་བྱས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་རྒྱུ་དེ་ཁང་ཕྱི་ནས་སྒོ་རའི་ནང་བར་སྣུར་སྲིང་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོ་རིམ་པའི“དམངས་དོན་ཐད་ཀར་གླེང་བའི་སྒྲོམ་གཞི”ཡོངས་བསྒྲགས་ངང་བཟོས་ཏེ་མང་ཚོགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་གྲོང་མི་གཞི་རིམ་བཅོས་སྐྱོང་ནང་ཞུགས་ཐུབ་པ་བྱེད་པ། “ཏང་སྤྱི་ཁྱབ་ཀྲི་པུའུ+མཉམ་ལས་མཉམ་འབྲེལ་ཁང+མཉམ་ལས་ཁང+ཞིང་དུད”སོགས་ཟུང་འབྲེལ་གྱི་བྱེད་ཐབས་ཁྱབ་གདལ་བཏང་སྟེ་ཁྱད་ལྡན་ཐོན་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཐོག་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ། ཡུལ་སྲོལ་ཤེས་དཔལ། བཅོས་སྒྲིག་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་སྐྲུན་ཡོད།
འདི་ནི་ཉེ་ཆར་འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་ཐུའུ་ཆའོ་ཙེ་གྲོང་ཚོ་ནས་པར་བླངས་པའི་ཉམས་བཟོ་བྱས་རྗེས་ཀྱི་གྲོང་གསེབ་ཀྱི་དྲན་གསོའི་རྟེན་རྫས་བཤམས་མཛོད་ཁང་ཡིན་པ།
འདི་ནི་ཉེ་ཆར་འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་ཐུའུ་ཆའོ་ཙེ་གྲོང་ཚོ་ནས་པར་བླངས་པའི་ཉམས་བཟོ་བྱས་རྗེས་ཀྱི་གྲོང་གསེབ་ཀྱི་དྲན་གསོའི་རྟེན་རྫས་བཤམས་མཛོད་ཁང་ཡིན་པ།