འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་20ཉིན།

༄༅།།ཀྲུང་གོའི་མེ་ཤུགས་འཕུར་མདའི་ཞིབ་བཟོའི་ཐད་ཐོ་བརྒལ་ཆེན་པོ་བྱུང་ཡོད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་20ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་19ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མིག་སྔར་འཛམ་གླིང་ཐོག་འདེད་ཤུགས་ཆེ་ཤོས་དང་རྒྱུག་སྤུས་བསྡུར་ཚད་མཐོ་ཤོས་ཡིན་པ་དང་། ཚོད་ལྟ་བྱེད་སླ་བའི་གཟུགས་ཧྲིལ་བོའི་རྣམ་པའི་སྲ་གཟུགས་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གྱི་ས་ངོས་ཚ་བའི་རླངས་འཁོར་ཚོད་གཏོང་ཞི་ཨན་དུ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ཡོད། 
     སྒུལ་བྱེད་འཕྲུལ་འཁོར་དེའི་ཚངས་ཐིག་ལ་སྨི་3.5དང་། སྨན་བླུགས་ཚད་ཏུན་150 འདེད་ཤུགས་ཏུན་500བཅས་ཟིན་པ་དང་། མཐོ་གནོན་ཤུགས་ཆེ་བའི་སྤྱིའི་ཇུས་འགོད་དང་ནུས་ཆེའི་ཚི་སྣའི་འདྲེས་སྦྱོར་རྒྱུ་ཆའི་ཤུན་གཟུགས། སྒྲིག་སྦྱོར་མཐོ་བའི་སྤྱི་ཡོངས་ཀྱི་མཆན་དབྱིབས་འབར་ཁང་། རིང་ཐུང་ཧ་ཅང་ཆེ་བའི་གཏོར་སྦུག་སོགས་སྔོན་ཐོན་གྱི་ལག་རྩལ་མང་པོ་སྤྱད་དེ་སྒུལ་བྱེད་འཕྲུལ་འཁོར་གྱི་ཕྱོགས་བསྡུས་ནུས་པ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། 
     ཚོད་ལྟ་ལེགས་འགྲུབ་བྱུང་བ་དེས་རང་རྒྱལ་གྱི་ཏུན་སྟོང་རིམ་པའི་འདེད་ཤུགས་སྲ་གཟུགས་སྒུལ་བྱེད་འཕྲུལ་འཁོར་འཕེལ་རྒྱས་གཏོང་བའི་འགག་རྩའི་ལག་རྩལ་སྦྲེལ་ལམ་ཤར་གཏོང་ཐུབ་ཡོད། དེས་རང་རྒྱལ་གྱི་སྲ་གཟུགས་སྐྱེལ་འདྲེན་བྱེད་ནུས་ཆེས་ཆེར་འཕར་བ་མཚོན་པ་དང་། མ་འོངས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་དང་ལྗིད་གྲས་ཀྱི་ལག་རྩལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།