འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།རང་རྒྱལ་གྱིས་ཆ་འཕྲིན་ཁ་བསླུས་རྒྱག་པའི་ཐད་ཁྲིམས་འཛུགས་རྩིས་ཡོད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་18ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཆ་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་དེ་ཚེས་19ཉིན་འགོ་ཚུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་ཐོག་མར་འབུལ་རྒྱུ་ཡིན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཙང་ཐེ་ཝའེ་ཡིས་ཆ་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་བྱེད་སྤྱོད་དེ་མིག་སྔར་གྱོད་གཞི་ཐོན་མང་ཤོས་དང་། གྱོང་གུན་ཆེ་ཤོས། མང་ཚོགས་ཀྱིས་བསམ་འཆར་མང་ཤོས་འདོན་པའི་མངོན་གསལ་དོད་པའི་ཉེས་གསོག་ཤིག་རེད། ད་རེས་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་འཆར་ཟིན་ནང་ཁ་པར་གཱ་དང་། དངོས་ཟོག་མཉམ་འབྲེལ་དྲ་བའི་གཱ། དངུལ་རྩའི་རྩིས་ཐོ། དྲ་སྦྲེལ་རྩིས་ཐོའི་ཨང་གྲངས་བཅས་ཀྱི་འབྲེལ་ཡོད་རྨང་གཞིའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཆ་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལག་རྩལ་བྱ་ཐབས་བཟོ་རྒྱུ། ལས་རིགས་ལས་བརྒལ་བ་དང་ཁེ་ལས་ཀྱི་གཅིག་གྱུར་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།