འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།ཀྲུང་གོས་སྒྲ་ལས་མྱུར་བའི་འཕུར་མདེལ་ཚོད་གཏོང་བྱས་ཟེར་བའི་ཐད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོས་སྒྲ་ལས་མྱུར་བའི་འཕུར་མདེལ་ཚོད་གཏོང་བྱས་ཟེར་བའི་ཐད།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས། 
གསར་འགོད་པ་ཞིག་གིས། 《དངུལ་རྩ་ཚགས་པར》གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀྲང་གོས་སྒྲ་ལས་མྱུར་བའི་འཕུར་མདེལ་ཚོད་ལྟ་བྱས་པ་རེད་ཟེར། ཕྱི་འབྲེལ་པུའུ་ཡིས་དེ་ར་སྤྲོད་བྱེད་ཐུབ་བམ་ཞེས་དྲིས། 
    ཀྲའོ་ལི་ཅན་གྱིས། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོད་ལྟ་དེ་ནི་རྒྱུན་ལྡན་གྱི་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱི་ཚོད་ལྟ་ཞིག་ཡིན་པ་དང་། དེ་ནི་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་བེད་སྤྱོད་བསྐྱར་མ་བྱེད་ཆོག་མིན་ཐད་ཀྱི་ལག་རྩལ་ར་སྤྲོད་བྱ་རྒྱུར་སྤྱོད་རྒྱུ་རེད། དེས་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་བེད་སྤྱོད་ཀྱི་མ་གནས་དམའ་རུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པས། མིའི་རིགས་ཀྱིས་ཞི་བའི་ངང་བར་སྣང་བེད་སྤྱོད་གཏོང་རྒྱུར་སྟབས་བདེ་ལ་གོང་ཁེ་བའི་འགྲོ་འོང་བྱེད་ཐབས་མཁོ་འདོན་བྱེད་ཐུབ། འཛམ་གླིང་ཐོག་ཀུང་སི་མང་པོས་དེ་དང་འདྲ་བའི་ཚོད་ལྟ་བྱེད་ཀྱི་ཡོད། 
འཇིག་རྟེན་འཕུར་སྐྱོད་ཆས་ཕྱིར་མ་ལོག་གོང་། འཇིག་རྟེན་འཕུར་སྐྱོད་ཀྱི་ཆ་འགྲིག་སྒྲིག་ཆས་ཁ་ཕྲལ་བ་དང་། དེ་ནི་རླུང་ཁམས་ཆེན་མོའི་བང་རིམ་གྱི་བརྒྱུད་རིམ་ཁྲོད་མེ་སྲེག་བཏང་ནས་ཐོར་ཞིག་ཏུ་འགྲོ་བ་དང་། སྤྱི་མཚོའི་མཚོ་ཁོངས་སུ་ལྷུང་བ་རེད། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ཞི་བདེའི་ངང་བར་སྟོང་བེད་སྤྱོད་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་ཡིན་བརྗོད།