འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།སློབ་ཡུན་ལམ་ལུགས་ཐུང་དུ་གཏོང་རྒྱུའི་གཏམ་འཆལ་སེལ་བ།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། སློབ་གསོ་པུས་པར་འགྲེམས་བྱས་པའི་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཁུལ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་རྗེས། དཔོད་ཕྲནདང་འཕྲིན་ཕྲན་ཐོག་ནས“ཚོད་ལྟ་ཁུལ་གྱིས་སློབ་ཡུན་ལམ་ལུགས་ཐུང་དུ་བཏང་ནས། མཐོ་རིམ་སློབ་འབྲིང་གོང་རྨང་གཞིའི་སློབ་གསོ་ལེགས་སྒྲུབ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་པའི”དོན་དངོས་དང་མི་མཐུན་པའི་ནང་དོན་སྤེལ་བ་རེད། ཚོད་ལྟ་ཁུལ་དེ་དག་གིས་དེའི་ཐད་གཅིག་རྗེས་གཉིས་མཐུད་ངང་གཏམ་འཆལ་སེལ་བ་དང་འབྲེལ་དྲ་གྲོགས་ཚོར་འབྱུང་ཁུངས་གཞུང་ཕྱོགས་ནས་མིན་པའི་ཆ་འཕྲིན་ལ་ལས་སླ་བོའི་ངང་ཡིད་ཆེས་བྱེད་མི་རུང་བའི་དྲན་སྐུལ་ཡང་བྱས་པ་རེད།