འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།གློག་འཕྲིན་གྱི་ཁ་བསླུས་རྒྱག་མཁན་ལ་རྡུང་རྡེག་གཏོང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉིན་ཤས་གོང་། གཅིག་གྱུར་བཀོད་སྒྲིག་བྱས་པ་བརྒྱུད། ཅང་ཤིས་ཞིང་ཆེན་སྤྱི་བདེ་ཐིང་གིས་ཅང་ཤིས་ཧྲང་རའོ་གཡུལ་ས་གཙོ་བོར་བྱས་ཏེ་ཉེན་རྟོག་པ་3000བསྡུ་རུབ་བྱས་ནས་ཀྲེ་ཅང་དང་། ཧྥུའུ་ཅན། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་16དང་དེ་བཞིན་ཅང་ཤིས་ནན་ཁྲང་དང་ཅིང་ཏེ་ཀྲེན་སོགས་པའི་རྒྱལ་ཡོངས་ཀྱི་འཐབ་ས་23དུ་གློག་འཕྲིན་གྱིས་ཁ་བསླུས་རྒྱག་པའི“གཱ་གཉིས”དང་འབྲེལ་བའི་ཉེས་གསོག་བྱེད་མཁན་ལ་རྡུང་རྡེག་གཏོང་བའི་རྒྱལ་ཡོངས་ཀྱི་གཅིག་སྡུད་དམག་འཐབ་བརྒྱབ་པ་རེད། ཟླ་10ཚེས་17ཉིན་གྱི་ཆུ་ཚོད་18བར་ཁྱོན་མི་516འཛིན་བཟུང་བྱས་པ་དང་། གློག་འཕྲིན་གྱིས་ཁ་བསླུས་རྒྱག་པའི་ཉེས་གསོག་དོགས་ཡོད་ཚོགས་པ་དང་། དེ་བཞིན་དུ་གོང་འོག་དབར་གྱི་ཐལ་མདོག་ཐོན་ལས་འབྲེལ་ཐག་གི་ཉེས་གསོག་དོགས་ཡོད་ཚོགས་པ་53མེད་པར་བཟོས་པས། གྱོད་གཞི་1000ལྷག་ཙམ་ཞིབ་དཔྱད་རགས་ཙམ་བྱས་པ་རེད། མིག་སྔར་གྱོད་གཞིར་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།