འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།སྡེ་ཚན་གཉིས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཕྱིའི་གསོ་སྦྱོང་ཞབས་ཞུའི་གན་རྒྱའི(དཔེ་སྟོན་ཡིག་ཆ)སྐོར་གྱི་པར་མ་གསར་པ་བཀྲམ་ནས། 
སློབ་ཕྱིའི་གསོ་སྦྱོང་ཁྲོམ་ར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་མཉམ་དུ《སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་ཕྱིའི་གསོ་སྦྱོང་ཞབས་ཞུའི་གན་རྒྱའི(དཔེ་སྟོན་ཡིག་ཆ)》(2021ལོའི་བཟོ་བཅོས་པར་མ)(གཤམ་ལ《ཞབས་ཞུའི་གན་རྒྱ》(དཔེ་སྟོན་ཡིག་ཆ)ཞེས་པ་བསྡུ་རྒྱུ)བཀྲམ་པའི་ནང་གན་རྒྱ་འཇོག་མཁན་དོ་བདག་གི་གན་འཇོག་དང་། ཁ་ཆད་བཞིན་བསྒྲུབ་རྒྱུའི་བྱ་སྤྱོད། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་། སློབ་ཕྱིའི་གསོ་སྦྱོང་ཁྲོད་ཐོན་པའི་རྩོད་གཞི་སེལ་རྒྱུ་སོགས་སྔར་བས་ཚད་ལྡན་དུ་བཏང་ནས་གན་རྒྱ་འཇོག་མཁན་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་པ་འཁོད་ཡོད།
     གོམ་སྟབས་རྗེས་མར། སློབ་གསོ་པུའུ་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་གིས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ《ཞབས་ཞུའི་གན་རྒྱ(དཔེ་སྟོན་ཡིག་ཆ)》ལག་ལེན་བསྟར་རྒྱུ་དེ“ཁུར་པོ་གཉིས་ཡང་དུ་གཏོང་བའི”ལས་དོན་དོན་འཁྱོལ་བྱེད་པའི་ལྷུ་ཚིགས་གལ་ཆེན་ལ་བརྩིས་ནས་སྐུལ་འདེད་གཏོང་རྒྱུ་དང་། བྱ་ཐབས་སྣ་མང་སྤྱད་དེ་རྒྱ་ཆེའི་གན་རྒྱ་འཇོག་མཁན་དོ་བདག་གིས《ཞབས་ཞུའི་གན་རྒྱ(དཔེ་སྟོན་ཡིག་ཆ)》བེད་སྤྱོད་རྒྱུར་དྲིལ་བསྒྲགས་སྣེ་ཁྲིད་བྱས་ནས་སློབ་ཕྱིའི་གསོ་སྦྱོང་ཁྲོམ་ར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་དང་ཚུལ་མཐུན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།