མི་དམངས་དྲ་བའི་འཕྲིན། “ཚང་མར་གཏམ་བཟང་ཞིག་བཤད།”ཧུའུ་ནན་ཞིང་ཆེན་ཧེང་ནན་རྫོང་ཞང་དབྱང་ཆའོ་ཁྲོམ་གཞུང་ཆིང་ཀྲུའུ་གྲོང་ཚོའི་ཙེ་མུའུ་ཁྲུང་གི་མི་རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་ཚོད་ལྟའི་དཔེ་སྟོན་རྟེན་གཞིར་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་དང་རྩི་ཤིང་རྒྱུད་འཛིན་རིག་པ་མཁས་ཅན་ཞེ་ཧྭ་ཨན་གྱིས་དེ་ལྟར་བཤད།
ལོ་ལེགས་ཀྱི་དུས་སུ། འབྲས་ཞིང་དུ་འགྲེང་བའི་ཞེ་ཧྭ་ཨན་གྱིས་ང་ཚོར་བཤད་འདོད་པའི“གཏམ་བཟང”དེ་ནི་ལོ་ལེགས་དང་འབྲེལ་བ་ཡོད་པ་རེད།
ལོ་ཏོག་བརྔ་བསྡུ་དང་། སྙེ་མ་རྡུང་བ། རྒྱ་མར་འཇལ་བ་བཅས་ཆུ་ཚོད་གཉིས་ཀྱི་ཐོན་ཚད་ཚད་ལེན་བྱས་རྗེས། ཞེ་ཧྭ་ཨན་གྱིས་དུས་ཐེངས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་དང་ཕྱི་སྨིན་ཆུ་འབྲས་སྡེབ་སྒྲིག“ཕུལ་བྱུང་གསུམ་གྱི་ཨང་རྟགས་དང་པོའི”ཕྱི་སྨིན་ཆུ་འབྲས་མུའུ་རེའི་ཐོན་འབབ་སྟེ་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་936.1ཟིན་པ་ཁྱབ་བསྒྲགས་བྱས་པ་རེད།
དེའི་ཐོག་རྟེན་གཞི་དེས་ཟླ་བདུན་པར་ཐོན་ཚད་འཇལ་བའི་སྔ་སྨིན་འབྲས“ལྗང་མྱུག་ཕུལ་བྱུང་གཉིས168”ཀྱི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་667.8ཟིན་པ་དང་། ལོ་དེའི་འབྲས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་1600ལས་བརྒལ་ནས་སྤྱི་རྒྱ་1603.9ཟིན་ཡོད་པ་རེད།
2019ལོ་ནས་བཟུང་། རྟེན་གཞི་དེས་ཡོན་ཧྲི་ཡོན་ལུང་ཕིང་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་མི་རབས་གསུམ་པའི་རྒྱུད་འདྲེས་ཆུ་འབྲས་ཀྱི་མཉམ་སྡེབ་ཐོན་འབབ་ཚད་བརྒལ་འགག་སྒྲོལ་གྱི་ཚོད་ལྟའི་དཔེ་སྟོན་གྱི་འགན་འཁུར་ཡོད། ན་ནིང་རྟེན་གཞི་དེས་གཉིས་སྨིན་འབྲས་ཀྱི་ལོ་འཁོར་གྱི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་1500ལྷག་ཙམ་ཟིན་པ་མངོན་འགྱུར་བྱུང་བ་རེད།
【1】
【2】