འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་15ཉིན།

༄༅།།ཕུའུ་ཅིང་གི་ཀྲུང་གོའི་ཐད་ཀྱི་གསལ་བསྒྲགས་གསར་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་15ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕུའུ་ཅིང་གི་ཀྲུང་གོའི་ཐད་ཀྱི་གསལ་བསྒྲགས་གསར་པ།
    ཕུའུ་ཅིང་གིས། ཀྲུང་གོ་ནི་ཨུ་རུ་སུས་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཟེར། 
ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་13ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཨུ་རུ་སུའི་ནུས་རྒྱུ་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པ་རེད། ཕུའུ་ཅིང་གིས་ཚོགས་རར་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ནི་ཨུ་རུ་སུས་ཆེས་བློས་འགེལ་ཆོག་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་ཏུ་ཕན་འབྲས་ལྡན་པའི་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད་པ་བསྟན། 
    ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་ཚོང་དོན་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཐར་ནས་འཕེལ་རྒྱས་ཕྱིན་པ་དང། ནུས་རྒྱུའི་ཁྱབ་ཁོངས་ནང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་དཔེར་ན། ཨུ་རུ་སུའི་ནུའོ་ཝ་ཐའེ་ཁེ་ཀུང་སི་དང་ཀྲུང་གོའི་བར་གྱི་གཤེར་འགྱུར་རང་བྱུང་སོལ་རླངས་མཉམ་ལས་རྣམ་གྲངས་ཏེ། ཨུ་རུ་སུས་ཀྲུང་ཨུ་རང་བྱུང་སོལ་རླངས་མདོང་ལམ་ཤར་མ་ནས་ཀྲུང་གོར་རང་བྱུང་སོལ་རླངས་མཁོ་འདོན་བྱས་པས། ལོ་རེར་རང་བྱུང་སོལ་རླངས་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་380ཟིན་གྱི་ཡོད་པ་རེད།