འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་14ཉིན།

༄༅།།སྐྱེ་དངོས་སྣ་མང་རང་བཞིན་ཚོགས་ཆེན་གྱི་དྲན་རྟེན་སྦྲག་འཛིན་བཀྲམས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་14ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྐྱེ་དངོས་སྣ་མང་རང་བཞིན་ཚོགས་ཆེན་གྱི་དྲན་རྟེན་སྦྲག་འཛིན་བཀྲམས།
     མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2020ལོར་མཉམ་འབྲེལ་རྒྱལ་ཚོགས་སྐྱེ་དངོས་སྣ་མང་རང་བཞིན་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་རྒྱལ་ཁབ་སྦྲག་སྲིད་ཅུས་དང་ཀྲུང་གོ་སྦྲག་སྲིད་ཚོགས་པས་མཉམ་ལས་དམ་ཟབ་བྱས་ནས། 2020ལོར་སླེབས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན་གྱི་དྲན་རྟེན་སྦྲག་འཛིན་བཏོན་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན་ཚེས་11ཉིན་དངོས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་2050འདུན་པར་ཇུས་འགོད་བྱ་རྒྱུ་དང་། དེ་ནི་རང་རྒྱལ་གྱི་གཙོ་གཉེར་ཕྱི་འབྲེལ་བྱེད་སྒོ་ཞིག་དང་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་གོ་སྐབས་དང་སྐར་ཁུང་གལ་ཆེན་ཞིག་རེད། 
     སྦྲག་འཛིན་དེའི་པར་ངོས་ནི་ཚོགས་ཆེན་གྱི་མཚོན་རྟགས་དང་རམ་འདེགས་རི་མོ་གཙོ་བོར་བྱས་ནས་ཇུས་འགོད་ཐད་ཆུ་ཐིག་དབྱིབས་ཀྱི་སོ་ཁུང་ཐོག་མར་སྤྱད་པ་དང་། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་དངོས་པོ་ཀུན་གྱི་འབྱུང་ཁུངས་ཡིན་པའི་དོན་སྤྱི་འབུར་དུ་ཐོན་པ་མ་ཟད། ཚོགས་ཆེན་གྱི་མཚོན་རྟགས་དང་ཇུས་འགོད་ཕན་ཚུན་གཞོགས་འདེགས་དང་། པར་ངོས་ཀྱི་བསམ་བཀོད་ངོ་མཚར་ཆེ་བ། བརྗོད་དོན་མངོན་གསལ་དོད་པོ་ཡོད་པ་རེད། སྦྲག་འཛིན་ཆ་ཚང་གི་རིན་ཐང་སྒོར་1.20ཡིན་པ་དང་། འཆར་གཞི་ལྟར་ན་འགྲེམས་སྤེལ་བྱེད་ཚད་ཁྲི་700ཟིན་རྒྱུ་རེད།
༄༅།།སྐྱེ་དངོས་སྣ་མང་རང་བཞིན་ཚོགས་ཆེན་གྱི་དྲན་རྟེན་སྦྲག་འཛིན་བཀྲམས།