འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་14ཉིན།

༄༅།།ལིའུ་ཅི་ཧྥུ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་14ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཅང་ཞི་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔའི་ཅང་ཞི་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་ལིའུ་ཅི་ཧྥུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 
     ལིའུ་ཅི་ཧྥུའི་ལོ་རྒྱུས། 
     ལིའུ་ཅི་ཧྥུའུ། ཕོ། རྒྱ་རིགས། 1949ལོའི་ཟླ་7པར་སྐྱེས། ཅང་ཞི་ཅི་ཨན་ནས་ཡིན། སློབ་གྲྭ་ཆེན་མོའི་དངོས་གཞིའི་སློབ་གཉེར་བརྒྱུད་རིམ་ལྡན། 1968ལོའི་ཟླ་2པར་ལས་ཀར་ཞུགས། 1969ལོའི་ཟླ་12པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། 
     1968ལོའི་ཟླ་2པ་ནས་1978ལོའི་ཟླ་9པའི་བར་དམག་དཔུང་དུ་དམག་ཞབས་ཞུས། 
     1978ལོའི་ཟླ་9པ་ནས་1987ལོའི་ཟླ་9པའི་བར། ཅི་ཨན་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་འགོ་འཛིན་གཞོན་པ་སོགས་ཀྱི་འགན་བཞེས། 
     1987ལོའི་ཟླ་9པ་ནས་1989ལོའི་ཟླ་12པའི་བར་ཅིན་ཀང་རི་བོའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན་གྱི་འགན་བཞེས། 
     1989ལོའི་ཟླ་12པ་ནས་1991ལོའི་ཟླ་8པའི་བར་ཅིན་ཀང་རི་བོའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། 
     1991ལོའི་ཟླ་8པ་ནས་1995ལོའི་ཟླ་5པའི་བར་ཅི་ཨན་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཅི་ཨན་གྲོང་ཁྱེར་(རྫོང)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། 
     1995ལོའི་ཟླ་5པ་ནས་1998ལོའི་ཟླ་2པའི་བར་དབྱི་ཁྲུན་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 
     1998ལོའི་ཟླ་2པ་ནས་2001ལོའི་ཟླ་12པའི་བར་ཅིའུ་ཅང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན་གྱི་འགན་བཞེས། 
     2001ལོའི་ཟླ་12པ་ནས་2005ལོའི་ཟླ་6པའི་བར་ཅིའུ་ཅང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། 
     2005ལོའི་ཟླ་6པ་ནས་2006ལོའི་ཟླ་3པའི་བར་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས། 
     2006ལོའི་ཟླ་3པ་ནས་2010ལོའི་ཟླ་1པོའི་བར་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཐིང་ཀྲང་གི་འགན་བཞེས།