འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་14ཉིན།

༄༅།།བོད་ལྗོངས་གཞིས་རྩེར། ཇོ་མོ་གླང་མའི་འདབས་སུ་རི་འཛེག་གྲོང་རྡལ་ཆུང་ངུ་ཞིག་ཡོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་14ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ◆ “ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ”ནི་ཇོ་མོ་གླང་མའི་འདབས་སུ་གནས་ཤིང་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་དུ་ཡོད།
    ◆ ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་དེས་ཉེ་འཁོར་གྱི་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་ཐུབ་རྒྱུ་རེད། དེར“རི་འཛེག་པའི་ཁྱིམ་ཚང”ཞེས་པའི་རི་འཛེག་རིག་གནས་བཤམས་མཛོད་ཁང་དང་། ཁང་འཁོར་སྒར་ས། སྤུས་རྟགས་གསོལ་མགྲོན་ཁང་སོགས་ཡུལ་སྐོར་སྒྲིག་བཀོད་ཡོད་པ་མ་ཟད། འཕྲོད་བསྟེན་ཁང་དང་གསོ་རླུང་ས་ཚིགས་སོགས་འགན་ལེན་སྒྲིག་བཀོད་བསྐྲུན་ཡོད་པས་ཞབས་ཞུའི་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད།
    འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། “འཛམ་གླིང་གི་ཡང་རྩེ·རི་འཛེག་མཁན་གྱི་གླེང་སྟེགས”ཞེས་པའི་བྱེད་སྒོ་དང“བཀྲ་ཤིས་འཛོམས་ཇོ་རིའི་གྲོང་རྡལ་ཆུང་ངུའི”གྲོང་རྡལ་སྐྲུན་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་གཉེར་བ་རེད། “ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི”རྣམ་གྲངས་དེ་ཧྲང་ཧའེ་བོད་སྐྱོར་གྱིས་འཆར་འགོད་བྱས་པ་དང་འབྲེལ་མ་དངུལ་བཏང་ནས་བསྐྲུན་པ་དང་། ཇོ་མོ་གླང་མའི་འདབས་སུ་གནས་ཤིང་ས་བབ་མཐོ་ཚད་སྨི་4300ཙམ་ཡོད་པའི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ནི་ཇོ་མོ་གླང་མའི་ས་ཁོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོར་སྐྱོད་སའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་དེ་རེད།
    རྨང་གཞིའི་སྒྲིག་བཀོད་ཁག་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་དེས་ཉེ་འཁོར་གྱི་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་ཐུབ་རྒྱུ་རེད། གྲོང་རྡལ་ཆུང་ངུ་དེར“རི་འཛེག་པའི་ཁྱིམ་ཚང”ཞེས་པའི་རི་འཛེག་རིག་གནས་བཤམས་མཛོད་ཁང་དང་། ཁང་འཁོར་སྒར་ས། སྤུས་རྟགས་གསོལ་མགྲོན་ཁང་སོགས་ཡུལ་སྐོར་སྒྲིག་བཀོད་ཡོད་པ་མ་ཟད། འཕྲོད་བསྟེན་ཁང་དང་གསོ་རླུང་ས་ཚིགས་སོགས་འགན་ལེན་སྒྲིག་བཀོད་བསྐྲུན་ཡོད་པས་ཞབས་ཞུའི་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། གཞན་ཡང་། གྲོང་རྡལ་ཆུང་ངུར་འཚོ་བའི་གད་སྙིགས་རིགས་དབྱེ་བསྡུ་རུབ་དང་། བར་བརྒྱུད་གཙང་སེལ་ལྟེ་གནས། བཙོག་ཆུ་གཙང་གསིང་རྣམ་གྲངས་བཅས་བསྐྲུན་ནས་ས་གནས་དེ་གའི་ཁོར་ཡུག་གི་གནོན་ཤུགས་སེལ་བ་དང་ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐུབ་ཡོད། རྣམ་གྲངས་དེ་སྤྱོད་འགོ་ཚུགས་པ་དེས་བོད་ཀྱི་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་གཉེར་མཁན་ལ་ཡུལ་སྐོར་གྱི་གདམ་ག་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་དང་བོད་ཀྱི་རི་འཛེག་དང་ཕྱི་རོལ་གྱི་ལུས་རྩལ་ཐོན་ལས་ཅན་འཕེལ་རྒྱས་སྔར་བས་ཆེ་རུ་གཏོང་ཆེད་རྒྱབ་སྐྱོར་ཆེན་པོ་མཁོ་འདོན་བྱ་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུས་ཁྱད་ལྡན་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། བོད་ཀྱི་རི་འཛེག་ལུས་རྩལ་གྱི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ། ཁུལ་ཁོངས་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད།
    དེ་ནི་གཞིས་རྩེས་ཉེ་བའི་ལོ་ཤས་རིང་ཇོ་མོ་གླང་མའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གཏོད་པའི་བྱེད་ཐབས་མང་པོའི་གྲས་ཤིག་རེད། གཞིས་རྩེར་འཛམ་གླིང་རིམ་པའི་རི་ཁུལ་ཡུལ་སྐོར་དང་རི་འཛེག་ལུས་རྩལ་གྱི་ཐོན་ཁུངས་མང་པོ་ཡོད་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། གཞིས་རྩེས“ས་མཐོའི་ས་ཁམས་དམིགས་བསལ་ཆེ་བ་དང་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པའི”ཐོན་ཁུངས་ལ་གཞི་ཚུགས་པ་དང་། ཇོ་མོ་གླང་མའི་ཡུལ་སྐོར་ཐོན་ཁུངས་ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་བཏང་བ་དང་། ཡུལ་སྐོར་ལམ་རྒྱུད་ཀྱི་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་བཏང་བ། ཡུལ་སྐོར་ཐོན་རྫས་ལེགས་སུ་ཧུར་ཐག་བཏང་བ་བཅས་ལ་བརྟེན་ནས་ས་གནས་དེ་གའི་ཡུལ་སྐོར་ལྟ་སྐོར་ཐོན་ལས་དང་ཕྱི་རོལ་ལུས་རྩལ་ཐོན་ལས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།
    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མོང་ཝུན་ཧའེ་ཡིས་གཞིས་རྩེར་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཆེན་པོ་ལྡན་ཡོད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཧྲང་ཧའེ་བོད་སྐྱོར་གྱིས“རིག་གནས་ཡུལ་སྐོར་གྱིས་ཁྲིད་སྟོན་དང་། ཐོན་ལས་གསུམ་པ་མཉམ་འདྲེས། གྲོང་གསེབ་དར་རྒྱས། བློ་གྲོས་འདོན་སྤེལ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“ཇོ་མོ་གླང་མར་སྐོར་བའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གླིང”གི་མཚོན་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅེས་བརྗོད།
   དེ་མིན། ཟླ་10པའི་ཚེས་9ཉིན། “ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེག་ཐོན་ལས་གཉེར་སྐྱོང་ཞབས་ཞུ་ལྟེ་གནས”ཀྱི་འགོ་ཚུགས་མཛད་སྒོ་དེ་གཞིས་རྩེའི་རིག་གནས་བསམ་བཀོད་གླིང་དུ་འཚོགས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལ་མངགས་བཅོལ་བྱས་ནས་གཞིས་རྩེར“བོད་ལྗོངས་གཞིས་རྩེ་རྒྱལ་ཁབ་ཀྱི་ས་བབ་མཐོ་བའི་རི་འཛེག་སྦྱོང་བརྡར་རྟེན་གཞིའི”མཚན་སྙན་སྤྲད་པ་དང་། དེ་ནི་བོད་ཀྱི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རྣམ་པའི་ས་མཐོའི་སྦྱོང་བརྡར་རྟེན་གཞི་ཐོག་མ་དེ་ཡིན་ཞིང་། གཞིས་རྩེའི་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་གྱི་འཕེལ་རྒྱས་ལ་འགོ་འཛུགས་ས་གསར་པ་ཞིག་བྱུང་བ་མཚོན་ཡོད་ལ། རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ཐོན་ལས་གཙོ་བོར་འཛིན་པའི་གཞིས་རྩེའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཞིག་གཏོད་རྒྱུ་ཡིན་པ་རེད།