འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་11ཉིན།

༄༅།།COP15ཡི་འགོ་ཚུགས་མཛད་སྒོ་སྤེལ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་11ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།COP15ཡི་འགོ་ཚུགས་མཛད་སྒོ་སྤེལ།
     མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་ཁུན་མིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་11ཉིན་ནས་ཚེས་15ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཚོགས་འདུ(COP15)དེ“དཔྱིད་གྲོང”ཁུན་མིང་དུ་འགོ་ཚུགས་རྒྱུ་རེད།
     གསར་འགོད་པས་ཡུལ་དངོས་སུ་མཐོང་གསལ། ཚོགས་ཁང་བཀོད་སྒྲིག་བྱས་པ་དང་ལས་དོན་ཁག་གྲ་སྒྲིག་བྱས་ཟིན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཇུས་འགོད་ཞིབ་ཚགས་གང་སར་མཐོང་ཐུབ། སྤྲོ་སེམས་འཁོལ་བའི་ངང་COP15བསུ་བའི་རྣམ་པའི་ཕྱུག་ཅིང་། ཚོགས་རའི་ཕྱི་རོལ་ཏུ་མེ་ཏོག་ཚོམ་བུ་བཞད་ལ་རྒྱལ་ཁབ་ཁག་གི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ཚོགས་ཆེན་གྱི་སྐད་སྒྲ་བརྒྱུད་བསྒྲགས་བྱེད་པའི་ལྟེ་བའི་ས་ཁོངས་ཤིག་ཡིན་པའི་ངོས་ནས། COP1གསར་འགྱུར་ལྟེ་གནས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་སྒོ་མོ་ཕྱེ་ནས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པར་ཞབས་འདེགས་ཞུས་ཡོད། སྨྱན་སྦྱོར་ཚན་པ་169དང་གསར་འགོད་པ་853གྱིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་བཅར་འདྲི་དང་གནས་ཚུལ་སྤེལ་གཏོང་བྱས་ཏེ་ཚོགས་ཆེན་གྱི་སྐད་སྒྲ་བརྒྱུད་སྤྲོད་བྱ་རྒྱུ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུའི་ཐོག“སྣོད་བཅུད་ཤེས་དཔལ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་2020ལོའི་རྗེས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི་བཟོས་པ་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ཙམ་ནས་ཡོང་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་འཐུས་མིས“དཔྱིད་གྲོང་གི་ཁ་ཆད”ལ་བསྐྱོད་དེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་རེད།
【1】  【2】  【3】  【4】
༄༅།།COP15ཡི་འགོ་ཚུགས་མཛད་སྒོ་སྤེལ།